འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོགས་འདུར་ཞུགས་མཁན་བོད་ཀྱི་འཐུས་མི་དང་ཨུ་ཡོན་པེ་ཅིང་དུ་འབྱོར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་02ཉིན། 17:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཚོགས་འདུར་ཞུགས་མཁན་བོད་ཀྱི་འཐུས་མི་དང་ཨུ་ཡོན་པེ་ཅིང་དུ་འབྱོར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་26ཉིན་གྱི་སྔ་དྲོ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་མི་དམངས་ཁྲི་300ཡི་བསམ་འདུན་བསྣམས་ནས་གནམ་གྲུར་ཞུགས་ཏེ་བོད་ནས་ཞལ་གྱེས་ཤིང་། འདི་ནི་རང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་གྱིས་གནམ་གྲུ་སྒུག་ཁུལ་དུ་དོ་ཁུར་ཆེ་ལ་གླེང་མང་བའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་བཞིན་ཡོད་པ།
         ཟླ་2ཚེས་26ཉིན་གྱི་སྔ་དྲོ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ཡི་བསམ་འདུན་བསྣམས་ནས་བོད་ནས་ཞལ་གྱེས་ཏེ་པེ་ཅིང་དུ་ཕེབས་པ་རེད།
         ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུས་ཞུའེ་ཀོང་དང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅིན་ཧྲི་ཤུན་རྣམ་གཉིས་གནམ་ཐང་དུ་ཕེབས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་ལ་ཕེབས་སྐྱེལ་ཞུས་པ་རེད། 
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པད་མ་ཆོས་སྒྲོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྐལ་བཟང་སྒྲོལ་དཀར་སོགས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ང་ཚོས་བོད་མི་དམངས་ཀྱི་ཚབ་བྱས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་བྱ་རྒྱུ་བྱུང་བར་སེམས་གཏིང་ནས་དགའ་ཚོར་དང་སྤོབས་པ་ཆེན་པོ་སྐྱེས་བྱུང་། ང་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ཡི་ཚབ་ཞུས་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་བཅས་ཀྱི་ལས་དོན་ལ་དོ་དམ་བྱེད་ཀྱི་ཡོད་པས་ཕྲག་ཐོག་ཏུ་འཁུར་བའི་ལས་འགན་ལྕི་ལ་གཟི་བརྗིད་དང་ལྡན་པ་ཞིག་ཡོད།
         ང་ཚོས་ཚང་མའི་རེ་བ་ཆུད་ཟོས་སུ་མི་གཏོང་བར་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཚོགས་འདུ་གཉིས་ཡག་པོ་འཚོག་པ་དང་འཐུས་མི་དང་ཨུ་ཡོན་གྱི་འགན་འཁྲི་ཡག་པོ་སྒྲུབ་ཏེ་དགེ་མཚན་ལྡན་པའི་ཐབས་དང་བློ་གྲོས་ཀྱི་ཇུས་ཧུར་ཐག་འདོན་པ་དང་། ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་བདག་པོའི་སྙིང་སྟོབས་གང་ལེགས་མངོན་པ་དང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་དབང་ཆ་ལག་ལེན་ནན་པོ་བསྟར་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་དོན་ཚན་གཞན་དག་གལ་ཆེན་ལ་གྲོས་ཞིབ་ནན་ཏན་དང་སྤྲོ་སེམས་འཁོལ་པོས་ཚོགས་འདུར་ཞུགས་ཏེ་འགན་འཁྲི་ནན་ཏན་འཁུར་རྒྱུ་ཡིན། དེ་དང་ཆབས་ཅིག་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་གི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། གྲུབ་འབྲས་གསར་པ་བཅས་གང་ལེགས་མངོན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་པ། མི་རིགས་ཁག་གི་མི་དམངས་དང་ལས་རིགས་ཁག་གི་མི་སྣའི་ཐུན་མོང་གི་བསམ་འདུན་དང་འབོད་སྒྲ་གང་ལེགས་མངོན་པ་བཅས་བྱས་ཏེ་ཐབས་དང་ཇུས་ཧུར་ཐག་འདོན་པ་དང་བདེན་དོན་གནད་འཕིགས་ཀྱི་དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ་བཏོན་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་ལས་རིགས་ཁག་གི་མི་སྣའི་ཚབ་ཞུས་ཏེ་རང་ཐག་རང་གཅོད་ཀྱི་དབང་ཆ་ཡག་པོ་སྤྱོད་རྒྱུ་ཡིན་ཞེས་གསུངས་པ་རེད། ༼ རྩོམ་ཁུངས། བོད་ཡིག་སྨྱན་སྦྱོར། ༽
      

    ཕྱོགས་བསྡུས་གསར་འགྱུར།