འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཧིན་རྡུ་ཉི་ཞི་ཡའི་ནུབ་རྒྱུད་ཀྱི་མཚོ་ཁུལ་དུ་ས་ཡོམ་རིམ་པ་7.8བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་03ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧིན་རྡུ་ཉི་ཞི་ཡའི་ནུབ་རྒྱུད་ཀྱི་མཚོ་ཁུལ་དུ་ས་ཡོམ་རིམ་པ་7.8བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཧིན་རྡུ་ཉི་ཞི་ཡའི་གནམ་གཤིས་དང་གོ་ལའི་དངོས་ཁམས་ཅུས་ཀྱི་བརྡ་འཕྲིན་ལྟར་ན། ས་གནས་དེ་གའི་ཆུ་ཚོད་སྤྱི་ཟླ་3ཚེས་2ཉིན་གྱི་ཆུ་ཚོད་19:49སྟེང་(པེ་ཅིང་དུས་ཚོད་20:49)ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཀྱི་ཞི་སུའུ་མེན་ཏ་ལཱ་ཞིང་ཆེན་ནུབ་རྒྱུད་ཀྱི་སྤྱི་ལེ་636ཙམ་གྱི་མཚོ་ཁུལ་དུ་ས་ཡོམ་རིམ་པ་7.8བྱུང་བ་དང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་10ཡོད་པ་རེད། གཞན་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཀྱི་གནས་ཚུལ་བྱུང་མེད་པ་རེད། མིག་སྔར་སྡེ་ཁག་དེ་ཡིས་ས་ཡོམ་དེ་ལ་གཞིགས་ནས་ཞི་སུའུ་མེན་ཏ་ལཱ་གླིང་ཕྲན་དུ་ཡོད་པའི་ཞིང་ཆེན་ཁག་ལ་རྒྱ་མཚོ་འཁྲུག་པའི་སྔོན་བརྡ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།