འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡས་ལྷོ་སྣེའི་མཉམ་ལས་ཀྱི་གྲོས་མོལ་ཐོག་མ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་03ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་29ཉིན་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་གཉིས་པོའི་དཔོན་རིགས་ཀྱིས་ཨོ་སི་ཁྲུ་ལི་ཡ་གྲོང་ཁྱེར་ཐཱ་སི་མཱ་ཉི་ཡ་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་ཧོ་པ་ཐེ་རུ་ཀྲུང་ཨོའི་ལྷོ་སྣེ་དང་ལྷོ་རྒྱ་མཚོ་ཆེན་པོའི་མཉམ་ལས་ཀྱི་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་དེ་འཚོགས་པ་རེད།
         ཚོགས་འདུ་དེ་ཐོག་ནས་ཕྱོགས་གཉིས་པོས་ལྷོ་སྣེར་ཚན་རིག་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་དང་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་འདོད་ཡོད་པ་མཚོན་ཞིང་། ཕྱོགས་གཉིས་པོས་མཉམ་ལས་ཀྱི་དམིགས་བསལ་ཁྱབ་ཁོངས་ཐད་ངོས་འཛིན་གཅིག་མཐུན་བྱུང་བ་དེས་འབྱུང་འགྱུར་ལྷོ་སྣེ་དང་《ལྷོ་སྣེའི་སྲོལ་ཡིག་》མ་ལག་ཁོངས་གཏོགས་ཀྱི་འབྲེལ་ཡོད་མཉམ་ལས་ལ་མཛུབ་ཁྲིད་བྱ་རྒྱུ་ཡིན་པ་རེད།
         འདས་ཟིན་པའི་ལོ་བཅུ་ཕྲག་རིང་ཀྲུང་ཨོའི་དབར་གྱི་ལྷོ་སྣེའི་མཉམ་ལས་བརྟན་པོའི་ངང་འཕེལ་རྒྱས་བྱུང་ཡོད། ལོ་30ཡི་སྔོན་དུ་ཨོ་སི་ཁྲུ་ལི་ཡས་ཀྲུང་གོའི་ཚན་རིག་མཁས་ཅན་ལྷོ་སྣེར་ཐོག་མར་བསྐྱོད་རྒྱུར་རོགས་རམ་བྱས་པ་དང་། དེ་རྗེས་ཕྱོགས་གཉིས་པོས་ལྷོ་སྣེའི་ཚན་རིག་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཐད་མཉམ་ལས་རྒྱ་ཁྱབ་དང་གཏིང་ཟབ་བྱས་ཡོད་པ་རེད།
         2014ལོར་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཧོ་པ་ཐེ་རུ་འཚམས་འདྲིར་ཕེབས་རིང་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ལྷོ་སྣེ་དང་ལྷོ་རྒྱ་མཚོ་ཆེན་པོའི་མཉམ་ལས་ཀྱི་བསམ་ཤེས་དྲན་ཐོའི་》ཐོག་མཉམ་དུ་མིང་རྟགས་བཀོད་ཅིང་། མཉམ་འབྲེལ་ཨུ་ཡོན་ལྷན་ཁང་དེ་གོང་གསལ་གྱི་བསམ་ཤེས་དྲན་ཐོ་རྨང་གཞིར་བྱས་ཏེ་བཙུགས་པ་ཞིག་རེད། ཀྲུང་གོས་མུ་མཐུད་ཨོ་སི་ཁྲུ་ལི་ཡ་དང་རྒྱལ་ཁབ་གཞན་དག་ཁག་དབར་མཉམ་ལས་དམ་ཟབ་བྱས་ཏེ་འཛམ་གླིང་ཐོག་གི་ཚན་རིག་ཞིབ་འཇུག་རྩེ་གྲ་གཉེར་རྒྱུ་དང་འབྲེལ་ཐུན་མོང་ཐོག་ལྷོ་སྣེར་དམིགས་བསལ་དུ་ཡོད་པའི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།