འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཕུའུ་ཏའོ་གླིང་ཕྲན་ལས་འཛོལ་གྱི་རྐྱེན་པས་རི་པིན་ཐོ་ཁེའོ་གློག་ཤུགས་ཀུང་སིའི་དེ་སྔའི་
    མཐོ་རིམ་དོ་དམ་མི་སྣ་3བཙན་འདོམས་ཁྲིམས་སྦྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་03ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་29ཉིན་རི་པིན་ཐོ་ཁེའོ་ཞིབ་དཔྱོད་ཁང་ཕྱོགས་ཀྱིས་ལས་འཛོལ་གྱི་ཤི་རྨས་བྱུང་བའི་ཉེས་པའི་ཐོག་ནས་2011ལོའི་ཟླ་3པའི་ཕུའུ་ཏའོ་གླིང་ཕྲན་གྱི་ཉིང་རྡུལ་ལས་འཛོལ་དང་འབྲེལ་བའི་ཐོ་ཁེའོ་གློག་ཤུགས་ཀུང་སིའི་མཐོ་རིམ་དོ་དམ་མི་སྣ་3ཐོ་ཁེའོ་ས་གནས་ཁྲིམས་ཁང་ལ་བཙན་འདོམས་ཁྲིམས་སྦྱོར་བྱས་ཏེ་ཁོང་ཚོའི་ཉེས་དོན་འགན་འཁྲི་རྩད་གཅོད་བྱས་པ་རེད།
         དེ་ནི་ཕུའུ་ཏའོ་གླིང་ཕྲན་གྱི་ཉིང་རྡུལ་ལས་འཛོལ་ཐོན་རྗེས་ལས་འཛོལ་དེ་དང་འབྲེལ་བའི་ཉེས་དོན་གཏུག་བཤེར་གྱོད་གཞི་ཐོག་མ་དེ་ཡིན་ཞིང་། བཙན་འདོམས་ཁྲིམས་སྦྱོར་བྱས་པའི་ཐོ་ཁེའོ་གློག་ཤུགས་ཀུང་སིའི་མཐོ་རིམ་དོ་དམ་མི་སྣ་གསུམ་པོ་ནི། དེ་སྔའི་ཚོགས་གཙོ་ཧྲེང་ཡུས་ཧོང་ཅིའུ་དང་། ཐོ་ཁེའོ་གློག་ཤུགས་ཉིང་རྡུལ་གློག་ལས་ཀྱི་འགན་ཁུར་མཁན་དེ་སྔའི་ཧྲེ་ཀྲང་གཞོན་པ་ཝུའུ་ཐེང་རུང་། ཐོ་ཁེའོ་གློག་ཤུགས་ཀུང་སི་དང་སྲིད་གཞུང་དབར་འབྲེལ་བ་བྱེད་མཁན་དེ་སྔའི་ཧྲེ་ཀྲང་གཞོན་པ་ཝུའུ་ཧེ་དབྱི་ལང་བཅས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།