འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས“ཞིང་གསུམ” གྱི་དཀའ་གནད་གསར་
    པ་སེལ་དགོས་ཞེས་བཏོན་པ།

    2016ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་28ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང“ཞིང་གསུམ”ལས་དོན་ལ་མཛུབ་ཁྲིད་བྱེད་པའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཐེངས་18པ་ཚེས་27ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས་དབང་ཆ་ཐོབ་པ་ལྟར་ཡོངས་བསྒྲགས་བྱས་པ་རེད།
         《འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱས་ནས་ཞིང་ལས་དེང་རབས་ཅན་དུ་འགྱུར་མགྱོགས་སུ་བཏང་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པའི་དམིགས་ཚད་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་》ཅེས་འགོ་བརྗོད་དུ་འཁོད་པའི་ཡིག་ཆ་དེའི་ནང་དོན་ཆ་ཚང་ལ་ཡིག་འབྲུ་15000ཙམ་ཡོད་པ་དང་ཁྱོན་ཆ་ཤས་6དང་དོན་ཚན་30ལ་དབྱེ་བ་དེའི་ནང་དོན་ནི་དེང་རབས་ཞིང་ལས་ཀྱི་རྨང་གཞི་རྒྱུན་མཐུད་ངང་བརྟན་དུ་བཏང་ནས་ཞིང་ལས་ཀྱི་སྤུས་ཚད་ཕན་འབྲས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་། ཐོན་ཁུངས་སྲུང་སྐྱོང་དང་སྣོད་བཅུད་སླར་གསོར་ཤུགས་སྣོན་བརྒྱབ་ནས་ཞིང་ལས་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་ཞིང་པའི་ཡོང་འབབ་རྒྱུན་མཐུད་དང་མྱུར་ཙམ་ངང་འཕར་རྒྱུར་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་གསེབ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བ། “ཞིང་གསུམ”ལས་དོན་ལ་ཏང་གིས་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས་པ་བཅས་རེད།
         ཡིག་ཆའི་ནང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་ཐོན་ཁུངས་ཁོར་ཡུག་གི་ཚོད་འཛིན་ཐེབས་པའི་རྒྱབ་ལྗོངས་ཆེ་མོའི་འོག་ཇི་ལྟར་བྱས་ཏེ་ཞིང་པའི་ཡོང་འབབ་བརྟན་ལ་མྱུར་ཙམ་ངང་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་འབྲེལ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་པ་དང་། ཇི་ལྟར་བྱས་ཏེ་ཞིང་ལས་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་བཏང་ནས་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོ་མཁོ་སྤྲོད་ནུས་ལྡན་ཐུབ་པ་བྱེད་པ། ཇི་ལྟར་བྱས་ཏེ་རང་རྒྱལ་ཞིང་ལས་ཀྱི་འགྲན་རྩོད་ནུས་པ་མཐོ་རུ་བཏང་ནས་རྒྱལ་སྤྱིའི་ཁྲོམ་རའི་འགྲན་རྩོད་ནང་ཞུགས་པའི་རང་འགུལ་དབང་ཆ་ཐོབ་པ་བཅས་བྱེད་རྒྱུ་དེ་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་ངེས་པར་དུ་ལེགས་སྒྲུབ་བྱེད་དགོས་པའི་ལོ་རྒྱུས་ཀྱི་ལས་འགན་དང་སེལ་དགོས་པའི་དངོས་ཡོད་ཀྱི་དཀའ་གནད་ཅིག་ཏུ་གྱུར་ཡོད་པའི་ངོས་འཛིན་བྱས་པ་རེད།
         ཡིག་ཆའི་ནང་ཞིང་པ་བྱེད་པོའི་གནས་བབ་མཐའ་འཁྱོངས་དང་ཞིང་པའི་ཁེ་ཕན་ཆེ་རུ་གཏོང་རྒྱུ་དེ་གྲོང་གསེབ་ཀྱི་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས“ཞིང་གསུམ”གྱི་དཀའ་གནད་གསར་པ་སེལ་བ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལེགས་ཆ་སྐྱེད་སྲིང་བྱེད་པ། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་གཏོང་བ། ཞིང་ལས་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་བ། ཞིང་ལས་འཕེལ་རྒྱས་བརྟན་པོ་དང་ཞིང་པར་རྒྱུན་མཐུད་ངང་འབབ་འཕར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཐོན་འབབ་ཆེ་བ་དང་། ཐོན་རྫས་བདེ་འཇགས། ཐོན་ཁུངས་གྲོན་ཆུང་། ཁོར་ཡུག་མཐུན་འཕྲོད་བཅས་ཀྱི་ཞིང་ལས་དེང་རབས་ཅན་གྱི་ལམ་བུའི་ཐོག་སྐྱོད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་དང་ཕན་ཚུན་སྐུལ་མ་གཏོང་བ་དང་མཉམ་དུ་ཡར་རྒྱས་ཡོང་བ་བཅས་བྱས་ནས་རྒྱ་ཆེའི་ཞིང་པ་རྣམས་དེང་རབས་ཅན་གྱི་འཕེལ་རིམ་ནང་འདྲ་མཉམ་ངང་ཞུགས་པ་དང་དེང་རབས་ཅན་གྱི་གྲུབ་འབྲས་ཐུན་མོང་ཐོག་ལོངས་སྤྱོད་ཐུབ་པ་བྱེད་དགོས་ཞེས་བསྟན་པ་རེད།
         “ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས‘ཞིང་གསུམ’ལ་རྒྱུན་མཐུད་ངང་དམ་བཟུང་བྱས་པ་དང‘ཞིང་གསུམ’ལས་ཀའི‘གལ་ཆེའི་ནང་གི་འགངས་ཆེའི’གནས་བབ་མངོན་པར་བྱས་ཡོད”ཅེས་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་གྲོང་གསེབ་པུའི་པུའུ་ཀྲང་ཡེ་ཤིང་ཆིང་གིས་གསུངས་པ་དང་། ཁོང་གིས་འདི་ལོའི་ཡིག་ཆ་ཨང་དང་པོའི་ནང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས“ཞིང་གསུམ”གྱི་དཀའ་གནད་གསར་པ་སེལ་རྒྱུའི་ནན་བཤད་བྱས་པ་དང་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་སྟོན་པ་དེས“ཞིང་གསུམ”གྱི་དཀའ་གནད་གསར་རྙིང་ཐག་གཅོད་བྱེད་པ་དང་ཞིང་ལས་དེང་རབས་ཅན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། ཞིང་པ་ཁྲི་ཚོ་མང་པོ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་གོམ་སྟབས་སྤོ་རྒྱུའི་འགན་ལེན་བྱེད་པ་བཅས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པའི་ངོས་འཛིན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།