འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།པད་མ་འཕྲིན་ལས་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་28ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་27ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་པད་མ་འཕྲིན་ལས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པའི་ལྷ་སའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཞིབ་ནང་ཞུགས་ཤིང་། ཁོང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་ལ་དམ་པོར་དམིགས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་ཧུར་ཐག་འཚམ་པར་བྱེད་པ། འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་ལྷོད་མེད་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་སྔོན་ཐོན་བརྩོན་ལེན་བྱེད་ཕོད་པ་བཅས་བྱས་ནས་ལྟེ་བའི་གྲོང་ཁྱེར་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཆེ་དགྲ་ལྷ་དང་། ཏིང་ཡེ་ཤན། རྡོ་རྗེ་ཚེ་སྒྲུབ་བཅས་ལྷ་སའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་པ་རེད།
         ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ཀྱི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་དང་། འཐུས་མི་ཚོས་དོན་དངོས་དང་ཟུང་འབྲེལ་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་དང་། འཆར་འགོད་སྙན་སྒྲོན། སྔོན་རྩིས་སྙན་སྒྲོན་བཅས་ལ་གྲོས་ཞིབ་ནན་ཏན་བྱས་པ་རེད། པད་མ་འཕྲིན་ལས་ཀྱིས་འཐུས་མི་ཚོའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ལག་བསྟར་བྱ་ཚུལ་ལ་ཕྱོགས་ཡོངས་དང་དོན་དངོས་ཐོག་ནས་ཕྱིར་ལྟ་དང་ཕྱོགས་སྡོམ་བྱས་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་དང་དེ་བཞིན་འདི་ལོའི་དམིགས་ཚད་ལས་འགན་ཚན་རིག་དང་མཐུན་ལ་དོན་དངོས་ཐོག་ནས་གཏན་འཁེལ་དང་བཀོད་སྒྲིག་བྱས་ནས། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་ཚད་གཞི་ལོན་པའི་གྲུབ་འབྲས་ཤིག་ཕུལ་བ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དཔེ་རིས་ཁ་གསལ་ཞིག་བཀོད་ཡོད་ལ། དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པའི་ཁས་ལེན་གཟབ་ནན་ཞིག་དེ་བས་ཀྱང་བྱས་ཡོད། དེ་ནི་མི་སེམས་གཅིག་སྒྲིལ་དང་། ཁ་གསལ་དོན་གཉེར། མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད། 2016ལོའི་འཆར་འགོད་འཆར་ཟིན་དང་སྔོན་རྩིས་བཀོད་སྒྲིག་དེ་ཐོག་ནས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་གཙོ་གནད་བྱེད་ཕྱོགས་གང་ལེགས་མངོན་པ་དང་། གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་དང་། གཙོ་གནད་མངོན་གསལ་དོད་པོ། ནོར་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པ་བཅས་ཀྱི་རྩ་དོན་ལག་བསྟར་བྱས་པ། དམིགས་ཚད་གཙོ་བོ་དང་ལས་ཀའི་བཀོད་སྒྲིག་སྤྱིའི་ཆ་ནས་ལག་བསྟར་བྱེད་ཆོག་པ་བཅས་ཡོད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་འཆར་ཟིན། འཆར་འགོད་འཆར་ཟིན། སྔོན་རྩིས་འཆར་ཟིན་བཅས་ལ་རང་ཉིད་མོས་མཐུན་རྦད་དེ་ཡོད་ཅེས་གསུངས་པ་རེད།
        པད་མ་འཕྲིན་ལས་ཀྱིས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”རིང་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་རྗེས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་རང་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཤིག་ཡིན། ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པའི་ལྷ་སའི་ངོས་ནས་བརྗོད་ན། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་པའི་དམིགས་ཚད་ལ་དམ་པོར་དམིགས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་ཧུར་ཐག་འཚམ་པར་བྱེད་པ། འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་ལྷོད་མེད་བྱེད་པ། འགན་འཁྲི་ཁུར་ཕོད་པ་དང་སྔོན་ཐོན་བརྩོན་ལེན་བྱེད་ཕོད་པ་བཅས་བྱས་ནས་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་སྟེ། གཅིག་ནས་ལྟེ་བའི་གྲོང་ཁྱེར་གྱི་འགན་ནུས་ངེས་གནས་ལ་གཞི་བཙུགས་ནས་ལྷ་ས་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་བཀོད་སྒྲིག་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱེད་པ་དང་གྲོང་ཁྱེར་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ལྟེ་བའི་གྲོང་ཁྱེར་གྱི་དཔེ་སྟོན་སྣེ་ཁྲིད་དང་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་ཆེ་རུ་ནུས་ལྡན་གཏོང་དགོས་པ་དང་། གཉིས་ནས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་སྣེ་ཁྲིད་པའི་སྒྲིག་སྲོལ་ལམ་སྲོལ་དང་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་ཆགས་པ་བྱས་ནས་ལྷ་ས་དེ་ཉིད་ཐོན་ལས་སྣོད་བཅུད་མ་ལག་འཐུས་སྒོ་ཚང་བ་དང་། བསྡུར་མངོན་ལེགས་ཆ་འབུར་དུ་ཐོན་པ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་མཐོ་ས་ཤིག་ཏུ་གཏོད་དགོས་པ། གསུམ་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུར་མཉམ་དུ་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དང་སྡེ་ཁུལ་གྱིས་གཉོད་ཆུང་ཚོགས་སྤྱིའི་ཐོན་སྐྱེད་དང་འཚོ་བར་དོ་ཁུར་བྱེད་པ་དང་ཉེ་འགྲམ་རྫོང་ཁག་གིས་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་གཞི་ཁྱོན་དང་ཆུ་ཚད་ཐོག་སླེབས་རྒྱུར་སྐུལ་འདེད་བཏང་ནས་ཞིང་ལས་ཐོན་རྫས་མཁོ་སྤྲོད་དང་ལྷག་དོན་དུ་ནས་ཀྱི་བདེ་འཇགས་འགན་ལེན་དང་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་སྤུས་ཚད་དང་ཕན་ནུས་ཆེ་རུ་གཏོང་དགོས་པ་དང་། “ཞིང་གསུམ”ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ། གནད་སྨིན་དབུལ་སྐྱོར་གྱི་བྱེད་ཐབས་དོན་འཁྱོལ་བྱེད་པ། དབུལ་སྒྲོལ་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱེད་པ། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་མཉམ་གཏོད་དང་གྲུབ་འབྲས་མཉམ་སྤྱོད་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པ། བཞི་ནས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཤིག་ཡིན་སྟབས། “རི་དང་། ཆུ། མི”བཅས་མཉམ་འདྲེས་དམ་ཟབ་ཀྱི་ལེའུ་ཆེན་པོ་ཞིག་རྩོམ་པ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱས་ནས་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་གང་མགྱོགས་སྐྲུན་ཐུབ་པ་བྱེད་དགོས་པ། ལྔ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ཏེ་ཞི་མཐུན་བརྟན་ལྷིང་གི་དུས་བབ་བཟང་པོ་སྲ་བརྟན་དུ་གཏོང་དགོས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།