འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་
    པས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་28ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་27ཉིན་གྱི་ཕྱི་དྲོ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པས་ཚོགས་ཆུང་ཁག་བགོས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ཤིང་། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་འགོད་རྩ་གནད་(འཆར་ཟིན)དང་རང་སྐྱོང་ལྗོངས་ཀྱི་2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་སྒྲོན། རང་སྐྱོང་ལྗོངས་ཀྱི་2015ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2016ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན་བཅས་ལ་ཞིབ་དཔྱད་བྱས་པ་རེད།
         པད་མ་འཕྲིན་ལས་དང་། བློ་བཟང་རྒྱལ་མཚན། ཝུའུ་དབྱིང་ཅེ། ཆེ་དགྲ་ལྷ། ནོར་བུ་དོན་གྲུབ། རྡོ་ཐོགས། ཏིང་ཡེ་ཤན། ཝང་གཡུང་ཅུན། ཅང་ཅེ་བཅས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་ནང་ཞུགས་པ་རེད།
         འཐུས་མི་ཚོགས་པ་ཁག་གིས་སྙན་སྒྲོན་ལ་གྲོས་ཞིབ་བྱེད་སྐབས་འཐུས་མི་ཚོས་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་དང་དོ་ནན་ལ་དངོས་སྒྲུབ་ཀྱི་རྣམ་འགྱུར་ཐོག་ནས་ཟུར་ཚད་མི་འདྲ་བའི་སྒོ་ནས་ཐབས་དང་ཇུས་འདོན་པ་དང་། འཚང་ཁ་ཤིག་ཤིག་ངང་གཏམ་བཤད་སྤེལ་བ། མྱོང་ཚོར་གླེང་བ། གྲོས་འགོ་འདོན་པ། ཇུས་འདོན་པ་བཅས་གནང་སྟེ་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་རེད།
         འཐུས་མི་ཚོས་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་གནང་བའི་སྙན་སྒྲོན་གྱིས་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འཕེལ་རྒྱས་ཀྱི་གྲུབ་འབྲས་གཙོ་བོར་ཕྱོགས་ཡོངས་དང་དངོས་ཡོད་ཀྱི་སྒོ་ནས་ཕྱོགས་སྡོམ་གནང་བ་དང་།
         “ལོ་ལྔ་ཚན་བཅུ་གསུམ་པའི”མཛུབ་ཁྲིད་བསམ་བློ་དང་། འབད་འཐབ་དམིགས་ཚད། ལས་འགན་གཙོ་བོ་སོགས་ལ་ཆ་ལག་ཚང་བའི་དབྱེ་ཞིབ་དང་སྐུལ་ཁྲིད་ཞིབ་ཕྲ་བྱས་ཡོད། གྲུབ་འབྲས་ལ་དྲན་གསོ་བྱས་པ་དེ་དངོས་ཐོག་བདེན་འཚོལ་དང་། གནད་དོན་ལ་ལྟ་སྟངས་འཛིན་པ་དེ་ཁ་གསལ་ལ་ལྷག་བསམ་རྣམ་དག གནད་དོན་ལ་དབྱེ་ཞིབ་བྱས་པ་དེ་ཞིབ་ཚགས་ལ་གཏིང་ཟབ་པ། ལས་དོན་ལ་བཀོད་སྒྲིག་བྱས་པའི་བསམ་ཕྱོགས་དང་ཁ་ཕྱོགས་ཁ་གསལ་ལ་མི་རྣམས་ལ་ལྕག་སྐུལ་ཐེབས་དགོས་པ་ཞིག་ཡོད། སྙན་སྒྲོན་གྱི་འགོ་ནས་མཇུག་བར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། སྒྱུར་བཅོས་བྱེད་ཕོད་པ། གསར་གཏོད་བྱེད་ཕོད་པ་བཅས་ཀྱི་ཡར་བརྩོན་གྱི་སྙིང་སྟོབས་ཀྱིས་ཁེངས་ཡོད། ཚང་མས་སྙན་སྒྲོན་དེར་རྦད་དེ་མོས་མཐུན་ཡོད་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། སྙན་སྒྲོན་གྱི་དགོངས་དོན་ལ་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་། གོ་བ་ཡག་པོ་ལེན་པ། ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་དེ་བས་བློ་གཤོག་ཡངས་པ་དང་། དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་བློ་སྟོབས། དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་ནུས་ཤུགས་ཡོད་རྒུས་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་གོམ་སྟབས་མགྱོགས་སུ་གཏོང་གི་ཡིན་ཞེས་གསུངས་པ་རེད།
         འཐུས་མི་ཚོས་གྲངས་གཞི་རེ་རེ་ལས“ལོ་ལྔ་ཚན་བཅུ་གཉིས་པའི”གྲུབ་འབྲས་གསལ་པོར་མངོན་པ་དང་བྱེད་ཐབས་རེ་རེའི་ཐོག་ནས“ལོ་ལྔ་ཚན་བཅུ་གསུམ་པའི”བརྗིད་ཆེའི་འཆར་གཞི་ཇི་མ་ཇི་བཞིན་བཀོད་པ་མཚོན་ཡོད། 2016ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཚུགས་ལོ་ཡིན་པས་འགོ་ཡག་པོ་ཞིག་འཛུགས་རྒྱུ་དེ་ཕྱོགས་ཡོངས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”དམིགས་ཚད་ལས་འགན་ཁག་ལེགས་གྲུབ་བྱེད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ངེས་པར་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི་དམིགས་ཚད་ལས་འགན་གཞིར་བཟུང་། བསམ་བློ་བཅིངས་འགྲོལ་དང་། གསར་འབྱེད་གསར་གཏོད། འགན་འཁྲི་ཁུར་ཕོད་པ། རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ཏེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་ལེགས་སྒྲུབ་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས་པའི་ངོས་འཛིན་གནང་བ་རེད།
         ཚོགས་འདུའི་ཐོག་འཐུས་མི་ཚོས་ད་དུང་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད་(འཆར་ཟིན)དང་། རང་སྐྱོང་ལྗོངས་ཀྱི་2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་སྒྲོན། རང་སྐྱོང་ལྗོངས་ཀྱི་2015ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2016ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན་བཅས་ལ་ཞིབ་དཔྱད་གནང་ཡོད། འཐུས་མི་ཚོས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དམིགས་ཚད་གནད་ལ་འཁེལ་ལ་བྱེད་ཐབས་ཞིབ་ཅིང་ཕྲ་བ་དང་། འཆར་འགོད་སྙན་ཞུའི་ཕྱོགས་སྡོམ་ལས་དོན་གནད་ལ་འཁེལ་བ་དང་དམིགས་ཚད་ལས་འགན་གསལ་པོ་ཡོད་པ། སྔོན་རྩིས་སྙན་སྒྲོན་ནང་ན་ནིང་གི་གྲོན་དངུལ་གཏོང་ཕྱོགས་ཡང་དག་པ་དང་འདི་ལོའི་སྔོན་རྩིས་ཚན་རིག་དང་མཐུན་པའི་སྒོ་ནས་བཟོས་པ་མཚོན་པའི་ངོས་འཛིན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།