འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སྐྱེས་མ་གཉོམ་ཆུང་ཞིག་གི་སྒོར་མོ་རླངས་འཁོར་ས་ཚིགས་ནས་མི་ངན་གྱིས་སླུ་འཕྲོག་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་28ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྐྱེས་མ་གཉོམ་ཆུང་ཞིག་གི་སྒོར་མོ་རླངས་འཁོར་ས་ཚིགས་ནས་མི་ངན་གྱིས་སླུ་འཕྲོག་བྱས་པ།
         ཟླ་1ཚེས་27ཉིན། ཕ་ཡུལ་ཀོང་ཞི་ནས་ཡིན་པའི་སྐྱེས་མ་ཞིག་གིས་རང་གི་ཕྲུ་གུ་གཉིས་ཁྲིད་ནས་རླངས་འཁོར་ས་ཚིགས་སུ་ཕ་ཡུལ་ལ་ལོག་པའི་པ་སེ་ཉོ་དུས། མི་ངན་ཞིག་གིས་ཁོ་མོར་ཡོད་པའི་སྒོར་མ་ཚང་མ་སྟེ་སྒོར་1500སླུ་འཕྲོག་བྱས་པ་རེད།
         ཉེ་འཁོར་གྱི་མི་ཡིས་བཤད་པ་ལྟར་ན། སྐྱེས་མ་དེས་འགྲུལ་སྐྱེལ་མི་སྣ་ཡིན་ཟེར་བའི་སྐྱེས་པ་དེ་དང་ཐུག་འཕྲད་བྱས་པ་དང་། སྐྱེས་པ་དེས་ཀྱང་ཁོ་མོའི་དངོས་པོ་འཁྱེར་རོགས་བྱེད་ཀྱི་འདུག སྐྱེས་པ་དེའི་ལག་ན་ཀོང་ཞི་ལ་འགྲོ་བའི་པ་སེ་ཡོད་སྟབས། སྐྱེས་མ་དེས་པ་སེ་རིན་གོང་སྒོར་600སྤྲད་ནས་ཉོས། དེ་ནས་སྐྱེས་མ་དེས་རང་གི་ཕྲུ་གུ་གཉིས་བདེ་འཁོད་བྱེད་བཞིན་པའི་སྐབས། སྐྱེས་པ་དེས་མོའི་ལག་གི་སྒོར་མོ་ལྷག་མ་དག་ཀྱང་འཕྲལ་མར་འཐེན་ནས་བླངས་རྗེས་གར་སོང་ཆ་མེད་དུ་གྱུར་བ་རེད།
         རྐྱེན་ངན་བྱུང་རྗེས། ཁོ་མོ་ངུ་ནས་སྡུག་སྐད་བྱས། དེ་དུས་ས་ཚིགས་ཀྱི་མི་སེམས་བཟང་ཅན་དང་ལས་བྱེད་མི་སྣ་ཚོས་སྐྱེས་མ་དེ་ལ་རོགས་བྱས་ནས་ཉེན་རྟོག་པར་བརྡ་བཏང་བ་དང་། ཚང་མས་རོགས་སྐྱོར་བྱས་པ་བརྒྱུད། སྐྱེས་མ་དེ་ཕ་ཡུལ་ལ་ལོག་པའི་པ་སེ་ཉོ་བའི་སྒོར་མོ་ཡང་ཚགས་སྒྲུག་བྱས་པ་རེད།
    ༄༅།།སྐྱེས་མ་གཉོམ་ཆུང་ཞིག་གི་སྒོར་མོ་རླངས་འཁོར་ས་ཚིགས་ནས་མི་ངན་གྱིས་སླུ་འཕྲོག་བྱས་པ།
    ༄༅།།སྐྱེས་མ་གཉོམ་ཆུང་ཞིག་གི་སྒོར་མོ་རླངས་འཁོར་ས་ཚིགས་ནས་མི་ངན་གྱིས་སླུ་འཕྲོག་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།