འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་1ཚེས་10ཉིན་ནས་བཟུང་མེ་འཁོར་ནང་བསྡད་ཚེ་ཚལ་ཏའོ་དང་ལྟེབས་གྲི་འཁྱེར་མི་ཆོག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་11ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཀྲུང་གོ་ལྕགས་ལམ་འགྲུལ་པའི་ཞབས་ཞུའི་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ལྕགས་ལམ་གྱི་སྤྱི་པའི་བདེ་འཇགས་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་གནས་ཚུལ་གསར་པ་དང་འཚམ་པ་དང་རྒྱ་ཆེའི་ཡུལ་སྐོར་བ་བདེ་འཇགས་ངང་ཡུལ་སྐོར་ཐུབ་པ་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི་《ལྕགས་ལམ་གྱི་བདེ་འཇགས་དོ་དམ་སྲོལ་ཡིག་》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། ལྕགས་ལམ་སྡེ་ཚན་གྱིས་《ལྕགས་ལམ་བབས་ཚུགས་སུ་སྐྱོད་པ་དང་མེ་འཁོར་སྡོད་སྐབས་དངོས་ཟོག་འཁྱེར་མི་ཆོག་པ་དང་ཚོད་འཛིན་བྱེད་པའི་དཀར་ཆག་》ལ་བཟོ་བཅོས་བརྒྱབ་པ་དང་གསར་དུ་བཟོས་པའི“འཁྱེར་མི་ཆོག་པའི་དཀར་ཆག”དེ་2016ལོའི་ཟླ་1ཚེས་10ཉིན་ནས་ལག་བསྟར་བྱ་རྒྱུ་རེད།
         བཟོ་བཅོས་བྱས་རྗེས་ལྕགས་ལམ་བབས་ཚུགས་སུ་སྐྱོད་པ་དང་མེ་འཁོར་སྡོད་སྐབས་འཁྱེར་མི་ཆོག་པ་དང་ཚོད་འཛིན་བྱེད་པའི་དངོས་ཟོག་མང་ཆེ་བ་མིག་སྔར་འཁྱེར་མི་ཆོག་པ་དང་ཚོད་འཛིན་བྱེད་པའི་ནང་ཚུད་ཡོད་པ་དང་འགྱུར་ལྡོག་གཙོ་བོ་བྱུང་བ་ནི་ཉེ་བའི་ལོ་ཤས་ནང་ཡུལ་སྐོར་བར་གནོད་འཚེ་གཏོང་བའི་དོན་རྐྱེན་ཁྲོད་ཐོན་པའི་གནས་ཚུལ་གསར་པར་དམིགས་ནས། ཡུལ་སྐོར་བའི་མི་ལུས་བདེ་འཇགས་ལ་གནོད་འཚེ་གཏོང་སྲིད་པ་དང་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཤུགས་ཆེན་ལྡན་པའི་མཚོན་ཆ་རྣོ་པོ་སོགས་འཁྱེར་མི་ཆོག་པའི་དངོས་ཟོག་ནང་བཅུག་ཡོད་པ་དཔེར་ན། དོ་དམ་བྱེད་ཁོངས་སུ་ཚུད་པའི་གྲི་ཕུད་ད་དུང་ཡུལ་སྐོར་བའི་མི་ལུས་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་ཚལ་ཏའོ་དང་། ལྟེབས་གྲི བཤན་གྲི། སྟ་རེ་སོགས་མཚོན་ཆ་རྣོ་པོ་དང་། གཟེར་རྒྱག་མེ་མདའ། འགོག་སྲུང་ཡོ་ཆས། མདའ་སོགས་ཡོ་ཆས་གཞན་མེ་འཁོར་ནང་འཁྱེར་ཆོག་གི་མེད་པ་དེ་རེད།
         གཞན་ཡང་བདེ་འཇགས་ཙག་སྒྲ་དང་མེ་ལྕགས་དཀྱུས་མ་སོགས་འཁྱེར་རྒྱུ་ཚོད་འཛིན་བྱས་ཏེ་འཁྱེར་རྒྱུ་ཚོད་འཛིན་བྱེད་པའི་གྲངས་ཚད་ལེགས་སྒྲིག་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།