འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ལྕགས་ལམ་སྡེ་ཚན་གྱིས་མེ་འཁོར་གྱི་འཁོར་སྐྱོད་ལམ་ཐིག་གསར་པ་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་11ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་10ཉིན་གྱི་ཆུ་ཚོད་0ནས་བཟུང་རྒྱལ་ཡོངས་ལྕགས་ལམ་སྡེ་ཚན་གྱིས་མེ་འཁོར་གྱི་འཁོར་སྐྱོད་ལམ་ཐིག་གསར་པ་སྤྱོད་འགོ་ཚུགས་ནས་ཕར་འགྲོ་ཚུར་འོང་གི་འགྲུལ་སྐྱེལ་མེ་འཁོར་285.5མང་དུ་བཏང་བ་རེད། འཁོར་སྐྱོད་ལམ་ཐིག་གསར་པ་སྤྱོད་འགོ་ཚུགས་རྗེས་རྒྱལ་ཡོངས་ལྕགས་ལམ་ཁག་ཏུ་འགྲུལ་སྐྱེལ་མེ་འཁོར་བསྡོམས་གྲངས་3142ཟིན་པ་དང་དེའི་ནང་ཤུགས་འགྲེམས་མེ་འཁོར་ཆ་1980.5ཡོད་པ་རེད།
          མྱུར་བགྲོད་ལྕགས་ལམ་གྱི་འགྲུལ་སྐྱེལ་བྱེད་ཚད་མཐོ་རུ་ཕྱིན་པ། 2015ལོའི་ལོ་མཇུག་ཏུ་ཐེན་པའོ་ལྕཌ་ལམ་དང་། ཁྲེང་ཡུས་མྱུར་བགྲོད་ལྕགས་ལམ། ཀན་རུའེ་ལུང་ལྕགས་ལམ། ཧའེ་ནན་གླིང་སྐོར་མྱུར་བགྲོད་ལྕགས་ལམ་གྱི་དུམ་བུ་ནུབ་མ་སོགས་ལམ་ཐིག་ཤར་གཏོང་ཐུབ་ནས་ལས་གཉེར་བྱེད་འགོ་ཚུགས་ཏེ་ལྕགས་ལམ་དྲ་བའི་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་མྱུར་བགྲོད་ལྕགས་ལམ་གྱི་དྲ་གྲུབ་ཕན་འབྲས་དེ་བས་མངོན་གསལ་དོད་དུ་ཕྱིན་ནས་ལྕགས་ལམ་གྱི་སྐྱེལ་འདྲེན་ནུས་པ་སྔར་བས་མཐོ་རུ་ཕྱིན་པ་དང་འགྲུལ་པ་ཕྱིར་བསྐྱོད་རྒྱུར་དེ་བས་སྟབས་བདེ་བསྐྲུན་ཡོད་པ་རེད། 
         མྱུར་ཚད་འབྲིང་བའི་འགྲུལ་སྐྱེལ་མེ་འཁོར་གཏོང་བའི་ཇུས་གཞི་སྔར་བས་ལེགས་སུ་སོང་བ། ལམ་ཐིག་ལེགས་སྒྲིག་བྱས་རྗེས་དེ་སྔའི་ལམ་ཐིག་ཐོག་གཏོང་བའི་ཐག་རིང་མྱུར་ཚད་འབྲིང་བའི་འགྲུལ་སྐྱེལ་མེ་འཁོར་བཀོད་སྒྲིག་བྱས་པས་ས་ཆ་ཁག་གཅིག་ལ་འགྲུལ་སྐྱེལ་མེ་འཁོར་གཏོང་ཉུང་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས་ལམ་རྒྱུད་མང་ཚོགས་ཕྱིར་བསྐྱོད་རྒྱུར་དེ་བས་སྟབས་བདེ་བསྐྲུན་ཐུབ་རྒྱུ་རེད།
         ལྕགས་ལམ་སྡེ་ཚན་གྱིས་རྒྱ་ཆེའི་འགྲུལ་པ་ཚོར་མེ་འཁོར་གཏོང་བའི་ཞབས་ཞུའི་གནས་ཚུལ་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས་ན་ཀྲུང་གོ་ལྕགས་ལམ་གྱི་འགྲུལ་པའི་ཞབས་ཞུའི་ལྟེ་གནས་ཀྱི་12306དྲ་ཚུགས་དང་དེ་བཞིན་ལྕགས་ལམ་གྱི་གཞུང་ཕྱོགས་དཔོད་ཆུང་དང་སྐད་འཕྲིན་དུ་འཛུལ་ཏེ་འདྲི་བའམ་ཡང་ན་མེ་འཁོར་བབས་ཚུགས་ཆེ་གྲས་ཁག་གི་སྤྱི་བསྒྲགས་ལ་དོ་ཁུར་བྱས་ནས་འགྲོ་ལམ་བཀོད་སྒྲིག་འོས་འཚམ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།