འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོའི་རིགས་གཅིག་མཁས་ཅན་གྱིས་ཤེས་ལྡན་མི་སྣའི་འཚར་ལོངས་ཀྱི་ཆོས་ཉིད་ལྟར
    “ལོ་དགུ་བསྟུད་འབྲེལ་ལམ་ལུགས”ཇུས་འགོད་དང་འཆར་འགོད་
    བྱེད་དགོས་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་11ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “ལོ་དགུ་བསྟུད་འབྲེལ་ལམ་ལུགས”ནི་སྟབས་བདེའི་ངང་སློབ་ཆུང་དང་དམའ་རིམ་སློབ་འབྲིང་ཟླ་སྒྲིལ་བ་ཙམ་མ་ཡིན་ལ། “སློབ་གྲྭ་གཅིག་ལ་ལམ་ལུགས་གཉིས”དེ་བས་ཀྱང་མ་ཡིན་པར། དེ་ནི་འོས་འགན་སློབ་གསོ་མངོན་གསལ་དོད་པོས་ཁྱོན་ཡོངས་ལ་ཁྱབ་པ་བྱེད་པ་ཞིག་ཡིན། སློབ་ཆུང་དང་དམའ་རིམ་སློབ་འབྲིང་དབར་གྱི་འབྲེལ་མཐུད་ནི་ཤེས་ལྡན་མི་སྣའི་འཚར་ལོངས་ཀྱི་ཆོས་ཉིད་ལྟར་ཁྱོན་ཡོངས་ནས་ཇུས་འགོད་དང་འཆར་འགོད་བྱས་པའི་སློབ་གསོ་ཞིག་ཡིན། རྨང་གཞིའི་སློབ་གསོའི་བསྟུད་འབྲེལ་ལམ་ལུགས་ཀྱི་སློབ་གཉེར་རྣམ་པ་གསར་གཏོད་བགྲོ་གླེང་ཚོགས་འདུའི་ཐོག་རིགས་གཅིག་མཁས་ཅན་མང་པོས་གོང་གསལ་གྱི་ལྟ་ཚུལ་མངོན་པར་བྱས་ཡོད།
         ཚེས་8ཉིན་པེ་ཅིང་དུ་ཀྲུང་གོའི་སློབ་གསོའི་རིག་གཞུང་སློབ་ཚོགས་ཀྱིས“རྨང་གཞིའི་སློབ་གསོའི་བསྟུད་འབྲེལ་ལམ་ལུགས་ཀྱི་སློབ་གཉེར་རྣམ་པ་གསར་གཏོད”ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་པ་དང་། ད་རེས་ཀྱི་ཚོགས་འདུའི་བརྗོད་བྱ་གཙོ་བོ་ནི“རྨང་གཞིའི་སློབ་གསོ་བསྟུད་འབྲེལ་ལམ་ལུགས་ཀྱི་སློབ་གྲྭ་ལེགས་པར་གཉེར་ནས་སློབ་གྲྭ་འབྲིང་ཆུང་སྤྱིར་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་རྒྱུ”དེ་ཡིན། ཚོགས་འདུའི་དམིགས་ཡུལ་ནི་བསྟུད་འབྲེལ་ལམ་ལུགས་ཐོག་ནས་སློབ་གྲྭ་དོ་དམ་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱེད་པ་དང་སློབ་གྲྭའི་དོ་དམ་དང་མི་སྣ་གསོ་སྐྱོང་བྱེད་སྟངས་ཞིབ་འཇུག་གི་ཕན་འབྲས་ཕྱོགས་སྡོམ་བྱས་ཏེ་སློབ་གྲྭ་འབྲིང་ཆུང་གི་དོ་དམ་གྱི་བསམ་བློ་དང་། རྣམ་པ། མ་ལག གདེང་འཇོག་བཅས་གཞི་གཅིག་ཅན་དུ་འགྱུར་རྒྱུ་དེ་ཡིན།
         ཤེས་རྟོགས་བྱུང་བར་གཞིགས་ན། ལོ་དགུ་བསྟུད་འབྲེལ་ལམ་ལུགས་དང་ཁ་གཏད་སློབ་མ་ཁྱབ་གདལ་གཏོང་རྒྱུ་ནི་དོ་སྙོམས་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཚོལ་ཞིབ་གལ་ཆེན་ཞིག་ཡིན་ལ། སློབ་གྲྭ་ཡག་པ་འདེམས་པའི་སྣང་ཚུལ་ཆུང་དུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་ཡིན། སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བར་སྤུས་ལེགས་སློབ་གསོའི་སྤུས་ཚད་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པས། ལོ་དགུ་བསྟུད་འབྲེལ་ལམ་ལུགས་ལག་བསྟར་ལ་རག་ལུས་ཡོད་པ་དང་འོས་འགན་སློབ་གསོའི་དུས་མཚམས་སུ་རྒྱུན་མཐུད་ཐུབ་པ་དགོས་ལ། དམའ་རིམ་སློབ་འབྲིང་དང་སློབ་ཆུང་གི་འབྲེལ་མཐུད་དེ་བརྒྱུད་རིམ་ལྡན་པའི་མི་སྣ་གསོ་སྐྱོང་གི་མ་ལག་ཅིག་ཆགས་པ་བྱེད་དགོས། དེའི་རེ་བ་ནི་བསྟུད་འབྲེལ་ལམ་ལུགས་ཀྱི་སློབ་གྲྭས་མ་ལག་ཞིབ་འཇུག་ལ་ཤུགས་སྣོན་དང་། ཇུས་འགོད་རྩེ་གྲ། ཕྱོགས་བསྡུས་སྒྱུར་བཅོས་བཅས་ལ་ཤུགས་སྣོན་བརྒྱབ་ནས་སློབ་གཉེར་འདུ་ཤེས་དང་སློབ་གཉེར་རྣམ་པ་དང་། སློབ་ཚན་མ་ལག་དང་སློབ་ཁྲིད་བྱ་ཐབས། དགེ་རྒན་འཕེལ་རྒྱས་དང་སློབ་མའི་གདེང་འཇོག་སོགས་ཕྱོགས་ཡོངས་ལ་གསར་གཏོད་དང་འཚོལ་ཞིབ་བྱ་རྒྱུ་དེ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།