འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་ནན་གྱིས་སྒོར་དུང་ཕྱུར་920བཏང་ནས་རྫོང་53ལ་དབུལ་སྒྲོལ་བྱེད་རོགས་བྱེད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་07ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཧོ་ནན་ཞིང་ཨུད་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུའི་ཐོག་འབྱུང་འགྱུར་ལོ་ལྔའི་ནང་ཧོ་ནན་གྱིས་ཉུང་མཐར་ཡང་སྒོར་དུང་ཕྱུར་920བཏང་ནས་ཞིང་ཆེན་དེ་ཡོངས་ཀྱི་རྫོང་དབུལ་པོ་53གྱི་དབུལ་ཕོངས་ཞྭ་མོ་རྦད་དེ་ཕུད་རྒྱུའི་འཆར་གཞི་བཏོན་ཅིང་། འཆར་གཞི་དེ་ལས་ཧོ་ནན་གྱི་རྫོང་རིམ་པའི་སྲིད་འཛིན་ཁུལ་ཕྱེད་ཀ་ཙམ་ལ་ཕན་པ་ཐོབ་རྒྱུ་ཡིན་པ་རེད།
         ཀྲུང་དབྱང་གིས་བཏོན་པའི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་གྲོས་འགོ་ལྟར་ན། 2020ལོར་སླེབས་སྐབས་རང་རྒྱལ་གྱིས་དབུལ་པོའི་མི་འབོར་ཚང་མ་དབུལ་སྒྲོལ་ཐུབ་པ་བྱེད་རྒྱུ་ཡིན་ཞིང་། དེར་བརྟེན་ཧོ་ནན་ཞིང་ཆེན་གྱི་རྒྱལ་ཁབ་ཡུག་འབྲེལ་དམིགས་བསལ་དབུལ་ཕོངས་ས་ཁུལ་གཙོ་གནད་རྫོང་དང་། རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་གཙོ་གནད་རྫོང་། ཞིང་ཆེན་གྱི་ངེས་གཏན་འཁེལ་བའི་དབུལ་སྐྱོར་གསར་སྤེལ་གཙོ་གནད་རྫོང་བཅས་དབུལ་ཕོངས་རྫོང་53ཚང་མས་དབུལ་ཕོངས་ཞྭ་མོ་ཕུད་དགོས། སྒོར་ཁྲི་2རེ་བཏང་ནས་གྲོང་གསེབ་ཀྱི་དབུལ་པོའི་མི་འབོར་རེ་གཞི་རྩའི་ཆ་ནས་ཐག་གཅོད་བྱེད་རྒྱུའི་དབུལ་སྒྲོལ་ཞིབ་རྩིས་ལྟར་ན། ཧོ་ནན་ཞིང་ཆེན་གྱི་དབུལ་པོའི་མི་འབོར་ཁྲི་460དབུལ་སྒྲོལ་བྱེད་པར་སྒོར་དུང་ཕྱུར་920གཏོང་དགོས་པས། འབྱུང་འགྱུར་ལོ་ལྔའི་ནང་ལོ་རེར་སྒོར་དུང་ཕྱུར་180ལྷག་ཙམ་གཏོང་དགོས་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།