འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱིས་གཞི་རིམ་ལས་བྱེད་པར་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཡིག་སྒྱུར་གསོ་སྦྱོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་24ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་16ཉིན་བོད་ཀྱིས་གཞི་རིམ་ལས་བྱེད་པའི་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཡིག་སྒྱུར་གསོ་སྦྱོང་འཛིན་གྲྭ་ནུབ་བྱང་མི་རིགས་སློབ་ཆེན་དུ་གཉེར་ཞིང་། དམིགས་ཡུལ་ནི། བོད་ལྗོངས་སུ་ལས་ཀ་བྱེད་མཁན་མི་རིགས་ཁག་གི་ལས་བྱེད་པས་བོད་རྒྱ་སྐད་ཡིག་གཉིས་སྦྱོང་སྤྱོད་ཡག་པོ་ཡོང་རྒྱུར་གསོ་སྦྱོང་བྱས་ནས་དམངས་ཕྱུག་དམངས་ཕན་གྱི་སྲིད་ཇུས་གནད་ལ་འཁེལ་བའི་ངང་ཞིང་འབྲོག་ཁུལ་དུ་བརྒྱུད་བསྒྲགས་བྱས་ཏེ་བོད་ཀྱི་མི་སེར་ཚོར་ཞབས་འདེགས་དེ་བས་ལེགས་པ་ཞུ་ཆེད་ཡིན་པ་རེད།
         རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་སློབ་གསོ་ཚན་རྩལ་སིའི་སྐོར་ཞིབ་པ་གཞོན་པ་ཨན་ཆིང་ཕིང་གིས་གསོ་སྦྱོང་ཚོགས་འདུའི་ཐོག་མི་རིགས་སྐད་ཡིག་ལས་དོན་ནི་མི་རིགས་ལས་ཀའི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་རེད། མི་རིགས་ཁག་གིས་རང་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་ཀྱི་དབང་ཆ་སྔར་བས་འགན་ལེན་བྱས་ནས་བོད་རིགས་ཀྱི་སྐད་ཡིག་སྔར་བས་མི་ཉམས་གོང་འཕེལ་ཡོང་བ་བྱེད་དགོས་ཞེས་བཤད་པ་རེད།
         1987ལོར་བཏོན་པའི་《བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་འགའ་ཞིག་(ཚོད་ལྟའི་ལག་བསྟར་)》ནང་དུས་སྐབས་གསར་པའི་བོད་ཀྱི་སྐད་ཡིག་སྲིད་ཇུས་ལ“བོད་རྒྱ་སྐད་ཡིག་གཉིས་སྤྱོད་ཀྱི་བྱེད་ཕྱོགས”མཐའ་འཁྱོངས་བྱེད་དགོས་ཞེས་བཏོན་ཡོད། ཉེ་བའི་ལོ་ཤས་རིང་བོད་ཀྱིས་རྒྱུན་མཐུད་ངང་ལས་བྱེད་ལས་བཟོ་སྐུལ་སློང་བྱས་ནས་བོད་རྒྱ་སྐད་ཡིག་གཉིས་སློབ་སྦྱོང་བྱ་རྒྱུར་སྐུལ་སློང་བྱས་པས། རྨང་གཞིའི་སྐད་གཉིས་རིགས་ཀྱི་སློབ་དེབ་ལ་དགའ་བསུ་ཚད་མེད་ཐོབ་ཡོད། མིག་སྔར་བོད་ལྗོངས་ཀྱིས་《བོད་ཡིག་གི་རྨང་གཞིའི་ཤེས་བྱ་》དང་《རྒྱུན་སྤྱོད་བོད་སྐད་ཀྱི་ཁ་སྐད་300》རྩོམ་འབྲི་བྱས་ཡོད་པ་རེད།
         ཡུན་རིང་གཞི་རིམ་དུ་ལས་ཀ་བྱེད་པའི་རྒྱ་རིགས་ལས་བྱེད་པ་བོད་ལྗོངས་གོང་དཀར་རྫོང་བྱང་ཐང་གྲོང་རྡལ་གྱི་ཀྲེན་ཀྲང་ཚའེ་ཡུས་རོང་གིས་བོད་སྐད་ཆུ་རྒྱུག་རྒྱུག་ཐོག་ནས་མང་ཚོགས་དང་སྤེལ་རེས་ཐུབ་ཅིང་། ཁོང་གིས་གཞི་རིམ་དུ་རྒྱ་རིགས་ལས་བྱེད་པས་བོད་ཡིག་སྦྱོང་བ་དང་བོད་རིགས་ལས་བྱེད་པས་རྒྱ་ཡིག་སྦྱོང་རྒྱུ་དེ་རྒྱུན་གཏན་གྱི་བྱ་བར་གྱུར་ཡོད། ཉེ་བའི་ལོ་གཉིས་རིང་སྡེ་ཚན་ཁག་གིས་སྐད་ཡིག་གཉིས་ཀྱི་ཡིག་སྒྱུར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྤྱི་ཚོགས་ཐོག་བོད་སྐད་ཡིག་སྤྱོད་རྒྱུ་ཚད་ལྡན་དུ་བཏང་ཡོད། ལས་དོན་དེ་དག་ཡག་པོ་བསྒྲུབས་འདུག་པས་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་ཀྱི་འདུག་ཅེས་གསར་འགོད་པར་བཤད་བྱུང་།
         བོད་ལྗོངས་སུ་མི་འབོར་ཁྲི་300ལྷག་ཙམ་ཡོད་པ་ལས་བརྒྱ་ཆ་དགུ་ཅུ་ཡན་ནི་བོད་རིགས་ཡིན་ཞིང་། “བོད་རྒྱ་སྐད་ཡིག་གཉིས་ཡིག་སྒྱུར་སློབ་སྦྱོང་བྱ་རྒྱུ་ནི་གཅིག་ནས་ཏང་ཡོན་ལས་བྱེད་པའི་རང་ངོས་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བའི་དོན་དངོས་ཀྱི་དགོས་མཁོ་ཞིག་ཡིན་ལ། སྐད་ཆ་གོ་བརྡ་མི་འཕྲོད་པའི་དཀའ་ངལ་བསལ་ནས་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད”ཅེས་ཨན་ཆིང་ཕིང་གིས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།