འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་གྱི་ནུས་རྒྱུ་གྲོན་ཆུང་འཆར་གཞིའི་ཚོང་ལས་གོ་སྐབས་ཀྱིས་ཀྲུང་གོའི་LED
    བཟོ་གྲྭའི་ཡིད་དབང་འཕྲོག་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་10ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཉེ་ཆར་འཚོགས་པའི་རྒྱ་གར་གྱི་2015ལོའི་LEDཐོན་རྫས་དང་ལག་རྩལ་འགྲེམས་ཚོགས་ཐོག་ནས་ཤེས་རྟོགས་བྱུང་བར། རྒྱ་གར་སྲིད་གཞུང་གི་ནུས་ཆེའི་འོད་གསལ་འཆར་གཞི་ལག་ལེན་བསྟར་བ་ལས་རྒྱ་གར་ཁྲོམ་རར་ཀྲུང་གོའི་LEDབཟོ་གྲྭར་ཚོང་ལས་གོ་སྐབས་ཆེན་པོ་ཐོབ་པ་རེད།
         མོ་ཏེ་སྲིད་གཞུང་གི་ནུས་ཆེའི་འོད་གསལ་འཆར་གཞི་གཞིར་བཟུང་། རྒྱ་གར་གྱིས་2018ལོའི་གོང་སྤྱི་དམངས་ལ་LEDཤེལ་ཏོག་དུང་ཕྱུར་7.7མཁོ་འདོན་བྱ་རྒྱུ་ཡིན་ཞིང་། རྒྱ་གར་གྱི་LEDཐོན་རྫས་གཙོ་བོ་ནང་འདྲེན་ལ་བརྟེན་པ་དང་དེའི་ཁྲོད་ཀྱི་མང་ཆེ་བ་ནི་ཀྲུང་གོ་ནས་ནང་འདྲེན་བྱེད་ཀྱི་ཡོད།
         ད་ཐེངས་ཀྱི་འགྲེམས་ཚོགས་དེ་ཚེས་3ཉིན་ནས་ཚེས་5ཉིན་བར་རྡི་ལི་གསར་པར་འཚོགས་ཤིང་། ཀྲུང་གོའི་ཀུང་སིས་འགྲེམས་ཚོགས་ནང་ཞུགས་མཁན་གྱི་བཟོ་གྲྭ་200ལྷག་ཙམ་གྱི་གསུམ་ཆ་གཅིག་བཟུང་བ་དང་འགྲེམས་སྟོན་བྱས་པའི་ཐོན་རྫས་ནང་རྒྱུ་ཆ་དང་། སྙིང་ལྕགས། སྒྲིག་ཆས། ལེ་ལག་ཆ་ཚང་བའི་གློག་སྒྲོན་བཅས་ཚུད་པ་དེ་དག་LEDཐོན་ལས་སྒྲོག་ཐག་ཧྲིལ་པོར་ཁྱབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།