འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིས་ཀྲུང་གོའི་གསོར་འབིགས་ཡུག་ཚོང་འགོག་པའི་གྱོད་གཞི་གཅིག་འཐེན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་10ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཅང་སུའུ་ཞིང་ཆེན་ཅང་དབྱིན་གྲོང་ཁྱེར་གྱི་ཁེ་ལས་གཅིག་གིས་ཨ་རིའི་ཚོང་དོན་པུའུ་ཞུ་གཏུགས་བརྒྱབ་པ་དེར་རྒྱལ་ཁ་ཐོབ་ཡོད། ཚེས་8ཉིན་གསར་འགོད་པས་ཅང་དབྱིན་གྲོང་ཁྱེར་ཚོང་དོན་ཅུས་ནས་ཤེས་རྟོགས་བྱས་པར། དུས་ཡུན་ལོ་5ཙམ་འགོར་བ་དང་སྒོར་ཁྲི་2000བཏང་མཐར། ཅང་དབྱིན་ཏེ་མ་སི་ཐེ་གསོར་འབིགས་ཚད་ཡོད་ཀུང་སིར་ཞུ་གཏུགས་འཐབ་ནས་ཨ་རིའི་རྒྱལ་སྤྱིའི་ཚོང་དོན་ཁྲིམས་རས་2011ལོར་ཨ་རིའི་ཚོང་དོན་པུས་བཟོས་པའི“གཉིས་འགོག”ལ་མཐའ་སྡོམ་བྱས་ཏེ་གྱོད་གཞི“ཁྲ་སློག”བྱས་པ་དེའི་ཐོག་ནས“ཀྲུང་གོ་ནས་ཐོན་པའི་གསོར་འབིགས”ཐད་ཡུག་ཚོང་འགོག་པ་དང་ཁ་གསབ་འགོག་པའི་གྱོད་གཞི་མཐར་འཐེན་དགོས་བྱུང་སྟེ་ཀྲུང་གོའི་གསོར་འབིགས་ཁེ་ལས་ལ་གསར་དུ་ཕྱིར་གཏོང་བྱ་རྒྱུའི་ཨ་རིའི་ཁྲོམ་ར་སླར་ཡང་ཐོབ་ནས་གཞུང་དྲང་གི་རྒྱལ་སྤྱིའི་འགྲན་རྩོད་ནང་ཞུགས་ཐུབ་པ་མཚོན་ཡོད།
         གོ་ལ་ཧྲིལ་པོའི་ཐོག་གསོར་འབིགས་བཟོ་མཁན་ཉུང་ཤས་ཀྱི་གྲས་ཤིག་ཡིན་པའི་ཅང་དབྱིན་ཏེ་མ་སི་ཐེ་གསོར་འབིགས་ཚད་ཡོད་ཀུང་སིའི་གསོར་འབིགས་40%ཨ་རིར་ཕྱིར་གཏོང་བྱེད་པ་དེས་ཨ་རིའི་གསོར་འབིགས་ཁྲོམ་རའི་བཅུ་ཆ་དྲུག་ཟིན་ཡོད། 2008ལོར་ཏེ་མ་སི་ཐེས་ལོ་ཧྲིལ་པོའི་ནང་ཨ་རིར་ཕྱིར་གཏོང་བྱེད་པའི་ཚོང་ཟོག་ཨ་སྒོར་ཁྲི་6597ཟིན་པ་དེས་དེའི་ཕྱིར་གཏོང་བསྡོམས་འབོར་གྱི་57.6%ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།