འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀྲུང་གོའི་རྣམ་པའི”མཐོ་རིམ་སློབ་གསོའི་སྤུས་ཚད་ཀྱི་ཚོད་སྐོར་ཨུ་རུ་སུར་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་10ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཨུ་རུ་སུའི་རྒྱལ་ཁབ་སྤྱི་པའི་ཁས་ལེན་དཔང་འདོན་ལྟེ་གནས་(NCPA)ཀྱི་གདན་ཞུས་ལྟར་སློབ་གསོ་པུའུ་མཐོ་རིམ་སློབ་གསོ་སློབ་ཁྲིད་ཚོད་སྐོར་ལྟེ་གནས་(HEEC)ཀྱིས་ཆུ་ཚད་མཐོ་བའི་རིགས་གཅིག་མཁས་ཅན་8ཨུ་རུ་སུར་བཏང་ནས་པོ་ལོ་ཏི་ཧའེ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་གྱི་ཆེད་ལས་བཞིར་(ཨང་རྩིས་དང་ཆ་འཕྲིན་རིག་པ། སྐྱེ་དངོས་ལག་རྩལ་དང་སྐྱེ་དངོས་འདུ་འགོད། དངོས་ཁམས་དང་སྐུད་མེད་གློག སྨན་བཅོས་ནད་སྐྱོང་བཅས)ཀྲུང་གོ་དང་ཨུ་རུ་སུའི་མཉམ་འབྲེལ་ཆེད་ལས་ཚོད་སྐོར་ཁས་ལེན་དཔང་འདོན་ལས་དོན་སྤེལ་བ་རེད། དེ་ནི་རང་རྒྱལ་གྱིས་ཀྲུང་གོའི་ཚད་གཞི་དང་། ཀྲུང་གོའི་རིགས་གཅིག་མཁས་ཅན། ཀྲུང་གོའི་རྣམ་པ་བཅས་ཀྱི་ཐོག་ནས་ཕྱི་རྒྱལ་གྱི་སློབ་ཆེན་ལ་ཚོད་སྐོར་དང་ཁས་ལེན་དཔང་འདོན་བྱེད་ཐེངས་དང་པོ་དེ་ཡིན་པ་རེད།
         རང་རྒྱལ་གྱི་རིགས་གཅིག་མཁས་ཅན་དགེ་རྒན་ཆེ་མོ་བ་ཁྲེན་ཏའོ་ཤུས་དང་། ལུའོ་ཡུང་ཀྲང་། ཝུའུ་དབྱིང་། ཝང་ཀྲེ་ཀུང་བཅས་ཀྱིས་ཆེད་ལས་བཞིའི་ཚོད་སྐོར་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་ཁུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།