འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ས་མཚམས་ཕྱི་རོལ་གྱི་བདག་དབང་རྒྱལ་ཁབ་ཀྱིས་ཐེངས་དང་པོར་ཀྲུང་གོར“དོམ་ཁྲའི་
    བུན་འཛིན”འགྲེམས་སྤེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་10ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་8ཉིན་གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་དངུལ་ཁང་དབར་གྱི་ཁྲོམ་རའི་ཉོ་ཚོང་མཐུན་ཚོགས་ཀྱིས་ཧན་གོ་སྲིད་གཞུང་གིས་རང་རྒྱལ་གྱི་དངུལ་ཁང་དབར་གྱི་བུན་འཛིན་ཁྲོམ་རར་མི་དམངས་ཤོག་སྒོར་དུང་ཕྱུར་30ཟིན་པའི་བདག་དབང་བུན་འཛིན་འགྲེམས་སྤེལ་བྱ་རྒྱུའི་ཐོ་འགོད་དང་ལེན་བྱས་པ་རེད། དེ་ནི་ཧན་གོས་ཀྲུང་གོར་བུན་འཛིན་གཏོང་ཐེངས་ཐོག་མ་ཡིན་ལ་ས་མཚམས་ཕྱི་རོལ་གྱི་བདག་དབང་རྒྱལ་ཁབ་ཀྱིས་ཐེངས་དང་པོ་ཀྲུང་གོར“དོམ་ཁྲའི་བུན་འཛིན”འགྲེམས་སྤེལ་བྱས་པ་ཞིག་ཀྱང་རེད།
         ཀྲུང་དབྱང་དངུལ་ཁང་གི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཧན་གོའི་མི་དམངས་ཤོག་སྒོར་གྱི་བདག་དབང་བུན་འཛིན་ཐོ་འགོད་འགྲེམས་སྤེལ་བྱས་པ་ནི་འདི་ལོ་ཙུང་ལི་ལི་ཁེ་ཆང་གིས་ཧན་གོར་འཚམས་འདྲི་གནང་རིང་རྒྱལ་ཁབ་གཉིས་པོའི་དབར་འགྲུབ་པའི་དངུལ་རྩའི་མཉམ་ལས་ཀྱི་གྲུབ་འབྲས་ཀྱི་གྲས་ཤིག་ཡིན་པ་དེས་དངུལ་ཁང་དབར་གྱི་བུན་འཛིན་ཁྲོམ་རའི་སྣ་ཁ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་བུན་འཛིན་ཁྲོམ་རའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་མ་ཐེབས་རྒྱུ་མ་ཟད། ཀྲུང་གོ་དང་ཧན་གོའི་དབར་གྱི་དངུལ་རྩའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་གོ་དང་ཧན་གོའི་དབར་གྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་ཟབ་ཏུ་འགྲོ་རྒྱུར་ཕན་ཐོགས་ཀྱང་ཡོད་པ་རེད།
         “དོམ་ཁྲའི་བུན་འཛིན”ཞེས་པ་ནི་ས་མཚམས་ཕྱི་རོལ་དང་ཕྱོགས་མང་དངུལ་རྩའི་སྒྲིག་གཞི་སོགས་ཀྱིས་ཀྲུང་གོར་འགྲེམས་སྤེལ་བྱས་པའི་མི་དམངས་ཤོག་སྒོར་གྱི་བུན་འཛིན་ལ་ཟེར་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།