འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲང་ཧའེ་གྲོང་ཁྱེར་གྱི་འགག་སྒོ་ནས་3Mཁ་རས་རྫུན་མ་ཁྲི་12རྩད་ཆོད་རྩིས་ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་10ཉིན། 15:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧྲང་ཧའེ་གྲོང་ཁྱེར་གྱི་འགག་སྒོ་ནས་3Mཁ་རས་རྫུན་མ་ཁྲི་12རྩད་ཆོད་རྩིས་ལེན་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་གསར་འགྱུར་ལྟེ་བའི་གཞུང་ཕྱོགས་དཔོད་ཆུང་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཧྲང་ཧའེ་འགོག་སྒོ་ཡིས་ཉེ་སྔོན་རྒྱལ་ཁབ་ཕྱིར་བཏང་བའི“3M”སྤུས་རྟགས་ཀྱི་N95རྟགས་ཅན་གྱི་ཁ་རས་རྫུན་མ་རྩད་ཆོད་བསྟུད་མར་ཐེངས་གཉིས་བྱུང་ནས་ཁྱོན་བསྡོམས་ཁ་རས་རྫུན་མ་ཁྲི་12རྩིས་ལེན་བྱས་པ་རེད། ཁ་རས་འདི་ཚོ་ནི་བཟོ་རྩལ་མི་ལེགས་པ་མ་ཟད་རྒྱུ་ཆ་ཞན་པ་ཡིན་པས། ལུས་ཁམས་བེད་སྲུང་གི་ནུས་པ་མི་ལྡན་པ་མ་ཟད། ལུས་ཁམས་ལ་གནོད་སྐྱོན་ཡང་བཟོ་སྲིད་པ་རེད། འཛད་སྤྱོད་པ་ཚོས་དབང་བསྐུར་བའི་ཚུལ་མཐུན་ཐབས་ལམ་མམ་བརྒྱུད་འཚོང་པའི་ས་ནས་ཁ་རས་སོགས་ལུས་ཁམས་བདེ་སྲུང་ནུས་པ་ལྡན་པའི་ཐོན་རྫས་ཉོ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།