འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་ཞིང་པའི་མཉམ་ལས་ཁང་བརྒྱ་ཐམ་པའི་ཞིང་ལས་ཐོན་རྫས་ལ“གཞུང་
    ཕྱོགས་མིང་བྱང”ཐོབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་10ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་8ཉིན་གྱི་སྔ་དྲོར་གསར་འགོད་པར་ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་སྤེལ་རེས་འདུ་ཚོགས་སྐབས་བཅུ་གསུམ་པའི་ཐོག་ནས་ཤེས་རྟོགས་བྱུང་གསལ། འགྲེམས་ཚོགས་ཀྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཞིང་ལས་པུས་རྒྱལ་ཡོངས་ཀྱི་མཉམ་ལས་ཁང་ཁྲི་ཕྲག་དུ་མའི་ཁྲོད་ནས་བདམས་པའི་ཞིང་ལས་ཐོན་རྫས་སྤུས་རྟགས་བརྒྱ་ཐམ་པ་ཡོངས་བསྒྲགས་བྱས་ཤིང་། བྱེད་སྒོ་དེས་ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་རིན་ཐང་སྔོག་འདོན་བྱས་ནས་ཞིང་པའི་མཉམ་ལས་ཁང་སྟེ། གཉེར་སྐྱོང་གི་བྱེད་པོ་་གསར་པ་འདིར་རོགས་སྐྱོར་བྱས་པས་ཞིང་པའི་མཉམ་ལས་ཁང་གི་ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་ལ་གཞུང་ཕྱོགས་ཀྱིས་སྤྲད་པའི“གསེར་ཡིག་མིང་བྱང”རག་པ་རེད།
         ཞིང་ལས་པུའི་པུའུ་ཀྲང་ཧན་ཁྲང་ཧྥུའུ་ཡིས་ཡོངས་བསྒྲགས་ཚོགས་འདུའི་ཐོག“མིག་སྔར་རྒྱལ་ཡོངས་སུ་ཞིང་པའི་མཉམ་ལས་ཁང་ཁྲི་5ལྷག་ཙམ་གྱིས་ཚོང་རྟགས་ཐོ་འགོད་བྱས་ཡོད་པ་དང་། ཞིང་པའི་མཉམ་ལས་ཁང་ཁྲི་3ལྷག་ཙམ་ལ་སྤྱི་གནོད་མེད་པ་དང་། མདོག་ལྗང་་། སྐྱེ་ལྡན་སོགས་ཀྱི་ཐོན་རྫས་སྤུས་ཚད་དཔང་བདེན་ར་སྤྲོད་བྱུང་ཡོད། ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་ཁག་གཅིག་ཀུན་གྱིས་ཤེས་ཡོད། དེས་མ་ཚད་ས་ཁུལ་མང་པོ་ཞིག་ཏུ་གྲགས་ཅན་སྤུས་རྟགས་ཀྱི་ཞིང་ལས་ཐོན་ལས་མང་པོ་གྲུབ་ནས་ས་ཁོངས་དཔལ་འབྱོར་གྱི་སྟོབས་ཤུགས་གཙོ་བོར་གྱུར་ཏེ་ཞིང་ལས་ཕན་འཕར་དང་ཞིང་པའི་འབབ་འཕར་ལ་ཐད་ཀར་སྐུལ་ཁྲིད་ཐེབས་ཡོད”ཅེས་བཤད་པ་རེད།
         ཧན་ཁྲང་ཧྥུའུ་ཡིས་ཞིང་ལས་པུས་སྤུས་ཀ་ལེགས་ཤིང་བདེ་འཇགས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་འོས་སྦྱོར་ཡག་པོ་བྱས་པའི་ཁར་ཞིང་ལས་ཐོན་རྫས་སྤུས་རྟགས་སྐྱེད་སྲིང་དང་འོས་སྦྱོར་བྱེད་པའི་ཁྲོད་དྲ་སྦྲེལ་ལག་རྩལ་སྤྱོད་མགྱོགས་སུ་བཏང་ནས་ཞིང་ལས་ཐོན་རྫས་སྤུས་རྟགས་འཛུགས་སྐྲུན་དང་ཞིང་པས་འབབ་འཕར་ཕྱུག་འགྱུར་བྱེད་རྒྱུར་རོགས་རམ་བྱེད་འདོད་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།