མི་དམངས་དྲ་བ།

༄༅།།ཡུས་ཀྲེང་ཧྲེང་2015ལོའི་མཚོ་འགག་ངོགས་གཉིས་ཀྱི་ཁེ་ལས་པའི་འགོ་གཙོའི་
ཚོགས་འདུར་ཞུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་29ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐའེ་ཝན་ལས་དོན་གཞུང་ལས་ཁང་གི་གསར་འགྱུར་མགྲིན་ཚབ་པ་ཨན་ཧྥེང་ཧྲན་གིས་དེ་རིང་གི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་2015ལོའི་མཚོ་འགག་ངོགས་གཉིས་ཀྱི་ཁེ་ལས་པའི་འགོ་གཙོའི་ཚོགས་འདུ་དེ་ཟླ་11ཚེས་3ཉིན་ནས་ཚེས་4ཉིན་གྱི་བར་ནན་ཅིང་གྲོང་ཁྱེར་དུ་འཚོག་རྒྱུ་ཡིན་ཞིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ཚོགས་འདུར་ཞུགས་རྒྱུ་མ་ཟད་ཤིས་ཚིག་ཀྱང་གསུང་རྒྱུ་རེད་ཅེས་བརྗོད་པ་རེད།