འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་ནག་མ་ཎི་རྡོ་སྤུངས་བཞེངས་ནས་ལོ་ངོ་སུམ་བརྒྱ་འཁོར་བ་དང་འཛམ་གླིང་མ་ཎི་
    རིག་གནས་ཚོགས་ཆེན་ཡུལ་ཤུལ་དུ་འཚོགས་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་14ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།རྒྱ་ནག་མ་ཎི་རྡོ་སྤུངས་བཞེངས་ནས་ལོ་ངོ་སུམ་བརྒྱ་འཁོར་བ་དང་འཛམ་གླིང་མ་ཎི་
རིག་གནས་ཚོགས་ཆེན་ཡུལ་ཤུལ་དུ་འཚོགས་འགོ་བརྩམས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་9ཉིན་ཡུལ་ཤུལ་ཁུལ་གྱིས་རྒྱ་ནག་མ་ཎི་རྡོ་སྤུངས་བཞེངས་ནས་ལོ་ངོ་སུམ་བརྒྱ་འཁོར་བ་དང་འཛམ་གླིང་མ་ཎི་རིག་གནས་ཚོགས་ཆེན་འཚོགས་འགོ་བརྩམས་པ་རེད། དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་གསར་དུ་བཞེངས་པའི་འཛམ་གླིང་ཐོག་གི་མ་ཎི་རྡོ་སྤུངས་དང་པོ་སྟེ།  རྒྱ་ནག་མ་ཎི་རྡོ་སྤུངས་འདི་ཉིད་ད་ལྟའི་བར་དུ་ལོ་ངོ་300ལྷག་གི་ལོ་རྒྱུས་ལྡན་ཞིང་།  ད་ལྟའི་རྒྱ་ནག་མ་ཎི་རྡོ་སྤུངས་ནི་བརྗིད་ཉམས་ཆེ་ཞིང་འཛམ་གླིང་སྟེང་གཞི་ཁྱོན་ཆེ་ཤོས་སུ་གྱུར་ཏེ་འཛམ་གླིང་སྟེང་གི་གཡང་གསོལ་སྨོན་ལམ་འདེབས་ས་ཆེ་ཤོས་སུ་གྲགས། 
         རྒྱ་ནག་མ་ཎི་རྡོ་སྤུངས་བཞེངས་ནས་ལོ་ངོ་སུམ་བརྒྱ་འཁོར་བ་དང་འཛམ་གླིང་མ་ཎི་རིག་གནས་ཚོགས་ཆེན་འཚོགས་པའི་དམིགས་ཡུལ་ནི་མ་ཎི་རྡོ་བརྐོས་གཙོ་བོར་བྱེད་པའི་རིག་གནས་མ་ལག་དང་རིག་གནས་ཤུལ་གཞག་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་ཆེད་དུ་དང་། རྒྱ་ནག་མ་ཎི་རྡོ་སྤུངས་རིག་གནས་ཀྱི་ལོ་རྒྱུས་དང་རིག་གནས། ཁྱད་ཆོས་ལྡན་པའི་ཁམས་པའི་བོད་རིགས་རིག་གནས་འགྲེམས་སྟོན་བྱས་ནས། རིག་གནས་དང་ཡུལ་སྐོར་མཉམ་འདྲིས་གཏིང་ཟབ་ཡོང་བར་སྐུལ་སྤེལ་སྔར་ལས་ལྷག་པར་བཏང་ཐོག་ཡུལ་ཤུལ་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་གསར་པ་ཞིག་གང་ཐུབ་ཅི་ནུས་བསྐྲུན་པའི་ཆེད་དུ་རེད།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།རྒྱ་ནག་མ་ཎི་རྡོ་སྤུངས་བཞེངས་ནས་ལོ་ངོ་སུམ་བརྒྱ་འཁོར་བ་དང་འཛམ་གླིང་མ་ཎི་
རིག་གནས་ཚོགས་ཆེན་ཡུལ་ཤུལ་དུ་འཚོགས་འགོ་བརྩམས་པ།
      

    ཕྱོགས་བསྡུས་གསར་འགྱུར།