འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ནུས་ཤུགས་ཡོད་རྒུས་གནད་འཕིགས་དབུལ་སྐྱོར་བྱས།། ཀན་ལྷོའི་བོད་ཡུལ་རྣམ་
    པ་གསར་བས་ཁེངས།།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་09ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོར། ཀན་ལྷོ་ཁུལ་གྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ། ཁྱོན་ཡོངས་ནས་གནད་འཕིགས་ དབུལ་སྐྱོར་བྱས་པས། ཁུལ་ཡོངས་སུ་རྣམ་པ་གསར་བ་ཞིག་ཤར་ཐུབ་པ་བྱུང་།
         ཁུལ་གྱིས“1+18”ཀྱི་གནད་འཕིགས་དབུལ་སྐྱོར་དང་། གནད་འཕིགས་དབུལ་ཐར་གྱི་ལག་བསྟར་བསམ་འཆར་དང་ཇུས་གཞི་བཟོས་ཤིང་། གྲོང་ཁྱེར་དང་རྫོང་ཁག་སོ་སོས་ཀྱང“1+19”དང“1+20”ཡི་ཡིག་ཆ་སྒྲིག་བཟོ་དང་གཏན་ལ་ཕབ་ཅིང་། དབུལ་སྐྱོར་གྱི་ ཡིག་ཆ་ཞིབ་ཚགས་བཟོས་བའི་ཁར། སྡེ་བ་རེ་རེ་དང་ཁྱིམ་ཚང་རེ་རེའི་དབུལ་ཕོངས་སུ་གྱུར་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ཏེ། གང་ལ་གང་འཚམ་གྱི་གནད་འཕིགས་དབུལ་སྐྱོར་ཡིག་ཆ་བཟོས་པ་དང་། དེར་དབྱེ་ཞིབ་གང་ལེགས་བྱས་ནས་མཉམ་ལས་ཁང་གིས་སྣེ་འཁྲིད་པ་དང་། སྡེ་བ་དང་ཁྱིམ་ཚང་གིས་མཉམ་དུ་ལོངས་སུ་སྤྱོད་པ། གནས་ཚད་གཏན་ལ་འཁེལ་རྗེས་ཁ་གསབ་བྱེད་པ། ས་ཁུལ་ལ་མཉམ་དུ་བདག་སྐྱོང་བྱེད་པ། ས་དབང་བསྒྱུར་གཏོང་བཅས་གནད་འཕིགས་དབུལ་སྐྱོར་གྱི་བྱེད་ཐབས་ལྔ་ལ་བརྟེན་ནས་དབུལ་སྐྱོར་བྱ་བ་བཟང་བོར་བསྒྲུབས་ཡོད་དེ། ད་ལྟའི་བར་དུ། ཁུལ་ཡོངས་སུ་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ས་ཡ་ལྔ་འབུམ་དགུ་ཁྲི་ལྔ་དངོས་འབེབས་བྱས་པ་དང་། ཁུལ་དང་རྫོང་ངམ་གྲོང་ཁྱེར་གྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གཅིག་འབུམ་ལྔ་ཁྲི་བདུན་ལྷག་དངོས་འབེབས་བྱས་ཡོད། ཁུལ་ཡོངས་ཀྱིས་དབུལ་སྐྱོར་མཁྲེགས་གཏོར་ས་ཁུལ18ལ་གཟས་ནས་རིགས་སོ་སོའི་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར་བདུན་དང་བྱེ་བ་དྲུག་མཉམ་བསྡུ་བྱས་ཤིང་། ཧུར་ཐག་གིས་ཞིང་ཆེན་དབུལ་སྐྱོར་གཞུང་སྒྲུབ་ཁང་ལ་མཐུན་སྦྱོར་བྱས་ནས་ཕན་ཚུན་རོགས་དངུལ་ཁྱོན་ཡོངས་སུ་ཁེབས་པའི་བཟོ་སྐྲུན་ལག་བསྟར་བྱས་པ་དང་། ལོ་མཇུག་ཏུ་ཁུལ་ཡོངས་ཀྱི་སྲིད་འཛིན་སྡེ་བ་སོ་སོར་ཕན་ཚུན་རོགས་དངུལ་གྱི་རོགས་སྐྱོར་ཐོབ་རྒྱུ་རེད། ༼ ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཚེ་རིང་རྡོ་རྗེས། ༽
      

    ཕྱོགས་བསྡུས་གསར་འགྱུར།