འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།“འཚོ་བ་ཉིན་རེ་ལས་ཉིན་རེ་ཡག”

    ——བོད་ཀྱི་རྒན་རྒོན་བཞིས་ལོ་50ཡི་འགྱུར་ལྡོག་གླེང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་09ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          སྟོན་དུས་ཀྱི་ཞོགས་པར་ཉི་གཞོན་གྱི་འཛུམ་ཟེར་གངས་རི་དང་ནགས་གསེབ་ཏུ་འཕྲོས། བོད་ཀྱི་ཉིང་ཁྲི་རྫོང་བཀྲ་ཤིས་སྒང་གྲོང་ཚོའི་ཕུན་ཚོགས་ཀྱི་ཁྱིམ་ཚང་མགྲོན་ཁང་ནང་འཛུལ་སྐབས་རྒན་རྒོན་གྱིས་སྐུ་མགྲོན་ལ་ཇ་མངར་མོ་བཟོ་བར་བྲེལ་བཞིན་འདུག སྔོན་མའི་ཁྱད་ཆོས་ལྡན་པའི་ཁྱིམ་ཚང་མགྲོན་ཁང་ནང་བོད་ཁྱིམ་དུ་སླེབས་པའི་མྱོང་བ་ཟབ་ལ་དུག་སེལ་སྒམ་དང་འཁྱག་སྒམ་སོགས་དེང་རབས་ཀྱི་སྒྲིག་ཆས་ཀྱང་ཚང་མ་འཛོམས་འདུག “ཡུལ་སྐོར་བ་རྣམས་ཀྱི་དགོས་མཁོ་བསྐངས་ཆེད། ང་ཚོས་ཁྱིམ་ཚང་མགྲོན་ཁང་ལ་རིན་པ་སྤྲོད་མི་དགོས་པའི་WiFiདྲ་བ་ཁྲིད་པ་ཡིན”“དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་བོད་ལ་ཡུལ་སྐོར་འགོ་ཚུགས་ཙམ་སྐབས། ཡུལ་སྐོར་བ་ནང་ལ་ལྟ་སྐོར་བྱེད་པར་ཡོང་ནས་ཧ་ཅང་གཙང་སྦྲ་དོད་པ་མཐོང་འཕྲལ་ཞག་སྡོད་ཀྱང་བྱས་སོང”ཅེས་ལོ་67ལ་སླེབས་པའི་ཕུན་ཚོགས་ཀྱིས་ལོ་ངོ་50ཡི་འགྱུར་ལྡོག་སྐོར་གླེང་ནས་མྱོང་ཚོར་ཟབ་མོའི་ངང་དེ་ལྟར་བཤད། དེས་ཕུན་ཚོགས་ལ་ཁྱིམ་ཚང་མགྲོན་ཁང་གཉེར་བའི་བསམ་བློ་ཐོག་མར་འཁོར་ཞིང་། 1998ལོར་ཕུན་ཚོགས་ཀྱིས་ཁྱིམ་ཚང་མགྲོན་ཁང་གཉེར་རིང་། ཁོང་གིས་རང་ཉིད་སྡོད་སའི་ཤིང་ཁང་ཐོག་སོ་ཉིས་ཐོག་གི་ཁང་མིག་སྟོང་པ་བཟོས་ཏེ་དེར་འགྲུལ་པ་སྡོད་སའི་ཉལ་ཁྲི་8བརྒྱབ་པ་རེད། ད་ཆ་ཁོང་གི་ཁྱིམ་ཚང་མགྲོན་ཁང་ལ་ཉལ་ཁྲི་50ལྷག་ཙམ་ཡོད་པའི་ཁར་ལས་མིའང་གླས་ཡོད། ཕུན་ཚོགས་ཀྱི་སྣེ་ཁྲིད་འོག་གྲོང་ཚོ་ཡོངས་ནང་ཁྱིམ་ཚང་མགྲོན་ཁང་54བཙུགས་པ་དང་ཉལ་ཁྲི་765ཡོད་པ་ལས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ལས་བརྒལ་ཏེ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཡུལ་སྐོར་གྲོང་ཚོ་དང་དོན་དང་ལྡན་པའི་འབྱོར་འབྲིང་གྲོང་ཚོར་གྱུར།
         “རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བས་ང་ཚོ་ཁང་གསར་ནང་སྡོད་རྒྱུ་བྱུང་། སྔོན་མ་ཡིན་ན་དེ་འདྲ་བསམ་ཡུལ་ལས་འདས”ཞེས་མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་ལྷ་མདའ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལོ་71ལ་སླེབས་པའི་བསོད་ནམས་བཀྲ་ཤིས་ཀྱིས་བཤད། ན་ནིང་གི་ལོ་མཇུག་ཏུ་ཁོང་གི་ནང་མི་ཚང་མ་རྒྱ་ཁྱོན་སྨི་ངོས་གྲུ་160ཟིན་པའི་བོད་བཟོའི་ཁང་གསར་ཉིས་ཐོག་ཅན་ནང་སྤོས།
         རྒྱབ་རིར་བདེ་སྡོད་ཁང་གསར་སྟར་པ་རེ་རེ་བསླངས་པ་དང་། ཁོད་སྙོམས་པའི་ཞིང་ནང་དུ་སྙེ་མའི་མགོ་ལྕོག་ལྡེམ་པ་དང་འབྲས་བཟང་སྨིན། “ཀ་བ་གཅིག་ནས་བཅུ་གཅིག་ཡོད་པའི་ཁང་པར་སྡོད་ས་བྱུང་བ་ལས་ང་ཚོའི་ཁྱིམ་ལ་འགྱུར་ལྡོག་ཆེ་བ་མངོན”ཞེས་ཞིམ་པའི་ཇ་སྲུབས་མ་བླུག་ཞོར་སྐད་ཆའི་འགོ་ལམ་སེང་ཚུགས་པའི་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་རྒྱལ་སྨན་གྲོང་ཚོའི་ཚོགས་ཆུང་བཞི་པ་ནས་ཡིན་པའི་ཡུལ་མི་འཛོམས་སྐྱིད་ཀྱིས་དེ་ལྟར་བཤད། ཁོང་གིས“སྔོན་མ་ཁྱིམ་ལ་མི་དྲུག་ཡོད་པ་ཚང་མ་ཐོག་དཔངས་དམའ་ལ་དུ་བས་འཚོས་པའི་ཁང་པ་ཀ་གཅིག་མའི་ནང་འཚང་ཁ་རྒྱག་དགོས་ཀྱི་ཡོད། 2009ལོར་ཞིང་འབྲོག་པར་བདེ་སྡོད་ལས་གྲྭ་ལག་ལེན་བསྟར་བ་བརྒྱུད་ང་ཚོ་ད་ཆའི་གུ་ཡངས་ཤིང་དཀར་ཆ་དོད་པའི་ཀ་བ་བཅུ་གཅིག་གི་ཁང་གསར་ཉིས་ཐོག་ཅན་ནང་སྡོད་རྒྱུ་བྱུང་ནས་ལོ་23ས་ཕག་གི་ཁང་པ་ལས་རིང་དུ་གྱེས ”ཞེས་བཤད། ཁོང་གིས“ད་ཆ་ཁྱིམ་དུ་གློག་ཆས་ཆ་ཚང་པོ་ཡོད་ལ་སྒོ་ཁའི་བར་ཨར་འདམ་ལམ་ཡོད་པས་ཞིང་དལ་སྐབས་ནང་མི་རྣམས་ཕྱིར་འཆམ་འཆམ་དུ་འགྲོ་རྒྱུར་སྟབས་ཧ་ཅང་བདེ། “ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པའི་ཁར་སློབ་གྲྭར་སློབ་ཡོན་མི་དགོས་པ་ལྟ་ཅི། ད་དུང་སློབ་མར་འོ་མ་དང་ཤིང་འབྲས་སོགས་སྤྲོད་ཀྱི་ཡོད”ཅེས་བཤད། ཁོང་གི་སེམས་ཁྲལ་ཆེ་ཤོས་ནི་ཚ་བོ་ཚ་མོ་རྣམས་སློབ་ཆེན་ལ་རྒྱུགས་འཕྲོད་རྒྱུ་དེ་ཡིན།
        སྤོ་བོ་རྫོང་རྡོ་རྗེ་ཤང་ནས་ཡིན་པའི་ལོ་54ལ་སླེབས་པའི་བསོད་ནམས་བཀྲ་ཤིས་ནི་མདའ་པོའི་ཞབས་བྲོ་དང་སྦེད་ཀྱི་བཤད་པའི་ཤུལ་འཛིན་པ་ཞིག་ཡིན། ཁོང་གིས་མདའ་པོའི་ཞབས་བྲོ་དང་སྦེད་ཀྱི་བཤད་པ་དེ་2007ལོ་དང་2009ལོར་བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད། 2012ལོར་ཤང་སྲིད་གཞུང་གིས་རྩེར་སོན་སྤུས་རྟགས་ཤིག་ལ་ཧུར་ཐག་འགྱུར་བར་བྱས་པ་དང་ལྷག་པར་དུ་འདི་ལོར་རྡོ་རྗེ་ཤང་གིས་དམངས་ཁྲོད་རིག་གནས་ཀྱི་ལེགས་ཆ་བཏོན་ནས་གྲོང་ཚོ་སོ་སོའི་མང་ཚོགས་དང་སྤྱི་ཚོགས་ཀྱི་ནུས་ཤུགས་སྐུལ་སློང་གིས་དམངས་ཁྲོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྤུས་རྟགས་སྔོག་འདོན་རྒྱུན་མི་འཆད་པར་བྱས། “རྡོ་རྗེ་ཤང་དེ་རང་སྐྱོང་ལྗོངས་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཤང་ལ་བསྒྱུར་བར་བརྟེན་འདི་ལོར་ངས་འཁྲབ་སྟོན་ཐེངས་མང་བྱས་པར་རྣམ་གྲངས་དེ་ཁོ་ན་ནས་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང”ཞེས་བཤད། ཡང་ཁོང་གིས་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི“མདའ་པོའི་ཞབས་བྲོ”སློབ་གྲྭར་ཁྱབ་གདལ་བཏང་ནས་སློབ་གྲྭའི་ཞབས་བྲོ་ཚོགས་པ་དེའི་འཁྲབ་སྟོན་རྩལ་འཁྲིད་པ་གཙོ་བོར་གྱུར་ཡོད་ཅེས་སྤོབས་པ་ཆེར་བསྐྱེད་དང་དགའ་སྤྲོའི་ངང་བཤད། ༼ འདི་ག་ཚགས་པར་གྱི་གསར་འགོད་པ། བཀྲ་ཤིས་ཀྱིས། ༽
      

    ཕྱོགས་བསྡུས་གསར་འགྱུར།