འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ཁྱད་ལྡན་ཐོན་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་01ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མིག་སྔར་བོད་དུ་ས་མཐོའི་སྤྱི་གནོད་མེད་པའི་ཀྭ་རིགས་དང་ཤིང་འབྲས་རྟེན་གཞི་མང་པོ་བསྐྲུན་ཡོད་པ་དང་། གྲོང་ཁྱེར་དང་། གྲོང་རྡལ་གཙོ་བོར་དབྱར་སྟོན་གཉིས་ལ་སྔོ་ཚལ་རང་ཁ་རང་གསོ་ཐུབ་ཚད་85%ཡན་ཟིན་པ་དང་། “བོད་ཀྱི་ཆུ་བཟང·འཛམ་གླིང་གིས་མཉམ་དུ་སྤྱོད”ཅེས་པའི་རང་བྱུང་འཐུང་ཆུ་ཐོན་ལས་ཀྱི་འཐབ་ཇུས་སྤུས་རྟགས་བཏོད་ཐུབ་པ་དང་ཐོན་ཚད་ཏུན་ཁྲི་30ལས་བརྒལ་བ། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སྣ་ཁ་2000ལས་བརྒལ་བ། བོད་སྨན་ལས་སྣོན་ཚད་གཞི་ཅན་དང་། ཚད་ལྡན་ཅན། གཞི་ཁྱོན་ཅན་བཅས་སུ་གྱུར་པ་དང་། ཐོན་སྐྱེད་ཁེ་ལས་ཡོངས་ལ་སྨན་རྫས་ཐོན་སྐྱེད་སྤུས་ཚད་དོ་དམ་ཚད་ལྡན་(GMP)གྱི་ཁས་ལེན་ཐོབ་པ་དང་། སྣ་ཁ་1600ལྷག་ཟིན་ཡོད། “མི་ཡུལ་གྱི་གནས་མཆོག·ལྷ་ཡུལ་ལྟ་བུའི་བོད་ལྗོངས”ཞེས་པའི་ཡུལ་སྐོར་སྤུས་རྟགས་བཏོད་ནས་2014ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་1553ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་204ཟིན་ལ་1980ལོ་དང་བསྡུར་ན་ལྡབ་20400འཕར་ཡོད་པ་རེད།
         སྔོན་ཆད་དུས་ཡུན་རིང་པོར་ཞིང་འབྲོག་དཔལ་འབྱོར་ཆིག་རྐྱང་གཙོ་བོ་བྱེད་པའི་བོད་ཀྱིས་ཉེ་བའི་ལོ་ཤས་རིང་ཁྱད་ལྡན་ལེགས་ལྡན་འཐབ་ཇུས་ཀྱི་འདེགས་སྐྱོར་གསོ་སྐྱོང་བྱ་རྒྱུ་དང་ཟུང་འབྲེལ་གྱིས་ཐོན་ལས་རིམ་སྤོར་དང་སྒྱུར་བཀོད་ལ་ཟམ་མི་ཆད་པར་རོགས་སྐྱོར་བྱས་པས། ཐོན་ལས་གྲུབ་ཆ་སྔར་བས་ལུགས་མཐུན་དུ་གྱུར་ལ། བོད་ཀྱི་གསོ་རིག་སྨན་ལས་དང་མི་རིགས་ལག་ཤེས་བཟོ་ལས་སོགས་ཁྱད་ལྡན་ལེགས་ལྡན་ཐོན་ལས་ཁྱད་དུ་འཕགས་པར་གྱུར། བོད་བྱ་དང་། བོད་ཕག སྟར་ཀ བེ་ཤ ཤ་མོ་སོགས་ཞིང་ལས་ཐོན་རྫས་རྣམས་གཞི་ཁྱོན་ཅན་དང་སྤུས་རྟགས་ཅན་གྱི་གཉེར་སྐྱོང་ཐུབ་ཡོད་པ་རེད། མིག་སྔར་ལྗོངས་ཡོངས་སུ་ས་མཐོའི་སྤྱི་གནོད་མེད་པའི་ཀྭ་རིགས་དང་ཤིང་འབྲས་རྟེན་གཞི་མང་པོ་བསྐྲུན་ཡོད་པ་དང་། གྲོང་ཁྱེར་གྲོང་རྡལ་གཙོ་བོར་དབྱར་སྟོན་གཉིས་སུ་སྔོ་ཚལ་རང་ཁ་རང་གསོ་ཐུབ་ཚད་85%ཡན་ཟིན་པ་རེད།
         ཁྱད་ལྡན་ཞིང་ལས་ཐོན་རྫས་ཕུད། བོད་རང་སྐྱོང་ལྗོངས་ཀྱིས་ད་དུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྤུས་རྟགས་བཏོད་པ་དང་། དངོས་ལྗོངས་ཟློས་གར་ཆེ་གྲས་《འུན་ཤིང་ཀོང་ཇོ་》སོགས་རིག་གནས་ཀྱི་བརྩམས་ཆོས་ལ་གདེང་འཇོག་ཡག་པོ་རྒྱ་ཁྱབ་ཏུ་ཐོབ་ཅིང་། 《མཛེས་སྡུག་ལྡན་པའི་བོད་ལྗོངས་》དང་། 《བཅིངས་འགྲོལ། བཅིངས་འགྲོལ》 《གསེར་མདོག་ཅན་གྱི་ཁྱིམ་གཞིས》སོགས་རིག་གནས་སྒྱུ་རྩལ་གྱི་བརྩམས་ཆོས་ཕུལ་བྱུང་26ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།