འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སར་གཞུང་བཙུགས་སྨན་ཁང་གི་གཞི་རྩའི་སྨན་རྫས་ཀྱི་རིན་གོང་ཁྱད་པར་མེད་པ་
    ཁྱོན་ཡོངས་ནས་མངོན་འགྱུར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་01ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཨུད་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ལྷ་སར་གཞུང་བཙུགས་སྨན་ཁང་གི་གཞི་རྩའི་སྨན་རྫས་ཀྱི་རིན་གོང་ཁྱད་པར་མེད་པ་ཁྱོན་ཡོངས་ནས་མངོན་འགྱུར་བྱུང་སྟེ་གཞི་རྩའི་སྨན་རྫས་ལས་མང་ཚོགས་ལ་15%ནས་30%བར་གྱི་གཟིགས་སྐྱོང་དང་ཁེ་ཕན་ཐོབ་ཡོད་པ་རེད།
          2012ལོའི་ཟླ་10པ་ནས་བཟུང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་རིགས་270ཡི་ཁེ་བཟང་མེད་པ་བཟོས་ནས་གཞི་རྩའི་སྨན་རྫས་རིན་གོང་ཁྱད་པར་མེད་པའི་ཐོག་ནས་འཚོང་བའི་ལས་དོན་སྤེལ་བ་རེད། མིག་སྔའི་བར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དང་། ལྷ་ས་གྲོང་ཁྱེར་མ་བུ་འཕྲོད་སྦྱོར་ཁང་། དེ་བཞིན་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་7ཚང་མར་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ཀྱི་ཁེ་བཟང་མེད་པ་བཟོས་ནས་གཞི་རྩའི་སྨན་རྫས་རིན་གོང་ཁྱད་པར་མེད་པར”འཚོང་བཞིན་ཡོད་པ་རེད།
         བསྡོམས་རྩིས་ལྟར་ན། མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་གཞི་རྩའི་སྨན་རྫས་རིགས་520ལྷག་ཙམ་གྱི་ཁེ་བཟང་མེད་པ་བཟོས་ནས་གཞི་རྩའི་སྨན་རྫས་ཀྱི་རིན་གོང་ཁྱད་པར་མེད་པ་དེ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་སྨན་བཅོས་སྒྲིག་གཞིར་ཁྱབ་ནས་གཞི་རྩའི་སྨན་རྫས་ཀྱི་ཁེ་བཟང་མེད་པ་བཟོ་བ་ལྷ་ས་ཡོངས་ལ་ཁྱབ་ཡོད་པ་རེད།
          “གཞི་རྩའི་སྨན་རྫས་ཀྱི‘རིན་གོང་ཁྱད་པར་མེད་པ’ལག་བསྟར་བྱེད་པ་ནི་ལྷ་སས་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་སྒྱུར་བཅོས་ལས་དོན་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་པས། གཞི་རིམ་མང་ཚོགས་ཀྱིས‘མང་ཚོགས་ལ་ཁེ་ཕན་ཐོབ་པ་དང་། སྨན་ཁང་ལ་འཕེལ་རྒྱས་བྱུང་བ། སྲིད་གཞུང་ལ་དམངས་སེམས་ཐོབ་པ’བཅས་ཀྱི་སྨན་བཅོས་སྒྱུར་བཅོས་ཀྱི་གྲུབ་འབྲས”དངོས་སུ་ཚོར་ཡོད་པ་རེད་ཅེས་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་བདེ་སྐྱིད་ཀྱིས་བཤད་པ་དང་། ཁོང་གིས“འབྱུང་འགྱུར། ལྷ་སས་སྨན་བཅོས་ཞབས་ཞུའི་ཆ་འཕྲིན་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱེད་པ་སོགས་ཀྱི་ལམ་ལུགས”རིམ་བཞིན་འཚོལ་ཞིབ་བྱ་རྒྱུ་ཡིན་པ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།