འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རྔ་པ་དང་དཀར་མཛེས་ཀྲོའུ་ཡིས་བཅའ་ཁྲིམས་མི་སེམས་སུ་ཟུག་པ་བྱས་ནས་འགལ་
    ཟླ་གཞི་རིམ་དུ་བསལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་01ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། རྔ་པ་དང་དཀར་མཛེས་ཀྲོའུ་ཡིས་ཁྲིམས་ལྟར་བཅོས་སྐྱོང་བྱས་པས། སི་ཁྲོན་གྱིས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ལས་དོན་ཧྲིལ་པོར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དེ་ཡང་རྔ་པ་དང་དཀར་མཛེས་ཀྲོའུ་ཡིས་དོན་དངོས་ལ་གཞི་བཙུགས་ནས་ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ཅིའི་ཐད་ཁྱབ་པར་བྱས་ཁར། ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་། དོན་དག་ཡོད་ན་བཅའ་ཁྲིམས་ལ་བརྟེན་པ། གནད་དོན་ཐག་གཅོད་བྱེད་སྐབས་བཅའ་ཁྲིམས་སྤྱོད་པ། འགལ་ཟླ་སེལ་བར་བཅའ་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་གི་གོ་རིམ་ཡག་པོ་ཞིག་བཏོད་ནས་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་རྒྱུན་མཐུད་དང་བརྟན་པོའི་ངང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
          ཟླ་8པའི་ཟླ་སྟོད་དུ་རྔ་པ་ཀྲོའུ་ཧུང་ཡོན་རྫོང་གི“གཅེན་གཅུང་སྒྲོག་འགྲེལ་ཚོགས་པས”སྒྲོག་འགྲེལ་བྱེད་སྐབས་སྒྲོག་འགྲེལ་བྱ་ཡུལ་དུ་མང་ཚོགས་ཚོས་དྲིལ་བསྒྲགས་ཤོག་ལྷེ་ལེན་པ་དང་གནད་དོན་འདྲི་རྩད་བྱེད་པར་ཡོང་གི་ཡོད། “བཤད་མ་ཐག་པའི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་དང་། འཆར་ལྡན་བུ་བཙའི་སྲིད་ཇུས། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་སོགས་ཀྱི་བཅའ་ཁྲིམས་ཤེས་བྱ་དེ་དག་ནི་ང་ཚོའི་རྒྱུན་གཏན་གྱི་འཚོ་བའི་ཁྲོད་བེད་སྤྱོད་ཡོད་པ་ཤ་སྟག་རེད” ཅེས་རྨེ་བ་ཤང་གི་སྐྱིད་པས་བཤད།
          དཀར་མཛེས་ཀྲོའུ་ཉག་ཆུ་རྫོང་གི་ཞིང་པ་བསོད་ནམས་གཡང་སྒྲོན་གྱིས་བཅའ་ཁྲིམས་ཤེས་བྱ་ཤེས་ན། བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ལ་སྲུང་སྐྱོང་བྱེད་ཐུབ། “ད་ཆ་ཕ་ཡུལ་དུ་ཡུལ་སྐོར་ལས་རིགས་གཉེར་བཞིན་ཡོད། བཅའ་ཁྲིམས་ཀྱི་ཤེས་བྱ་སློབ་སྦྱོང་བྱས་ན། རང་ཉིད་ཀྱིས་མི་གཞན་དང་གན་རྒྱ་བཞག་ནས་ཚོང་སྔར་བས་ཡག་པ་ཞིག་རྒྱག་ཐུབ”ཅེས་བཤད།
         ཁྲིམས་སྐྱོང་ལག་བསྟར་ནན་པོ་བྱེད་པར་བཅའ་ཁྲིམས་ཤེས་པ་བྱ་རྒྱུ་ནི་རྨང་གཞི་ཡིན་པས། ཁྲིམས་ལུགས་ངེས་པར་དུ་སྔོན་ལ་ཁྱབ་གདལ་གཏོང་དགོས། དེར་བརྟེན་རྔ་པ་ཀྲོའུ་ཡིས“རྟ་ཐོག་ཁྲིམས་ལུགས་སྒྲོག་འགྲེལ་ཚོགས་པ”བཙུགས་ནས་ཐག་རིང་འབྲོག་ར་དང་གྲོང་གསེབ་ཏུ་ཁྲིམས་ལུགས་དྲིལ་བསྒྲགས་བྱས་པ་དང་། “བུད་མེད་ཁྲིམས་ལུགས་སྒྲོག་འགྲེལ་རུ་ཁག”བཙུགས་ནས་སྐོར་སྐྱོད་སྒྲོག་འགྲེལ་བྱས་པ། “བོད་རྒྱ་སྐད་གཉིས་ཀྱི་སྒྲོག་འགྲེལ་ཚོགས་པ”བཙུགས་ནས་འབྲོག་ཁུལ་རྫོང་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། མི་རིགས་ཆོས་ལུགས་སྲིད་ཇུས་བཅས་་གཙོ་བོར་བྱས་པའི་བོད་རྒྱ་སྐད་གཉིས་ཐོགནས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱས་ཡོད།
         དོན་དག་ཡོད་ན་བཅའ་ཁྲིམས་ལ་བརྟེན་པ་དང་གནད་དོན་ཐག་གཅོད་སྐབས་ཁྲིམས་ལུགས་སྤྱོད་རྒྱུ་དེ་རྔ་པ་དང་དཀར་མཛེས་ཀྲོའུ་ཡི་མང་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱེད་པ་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ནུས་ལྡན་གྱི་བྱ་ཐབས་ཤིག་ཏུ་གྱུར་ཡོད།
          “སྔོན་ཆད། གྲོང་མིར་མགོ་སྐོར་ཐེབས་ནས་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པའི་ནང་ཞུགས་ཚེ། དངུལ་བསྡུ་མ་ཐུབ་པ་དག་སྲིད་གཞུང་གིས་ཐག་གཅོད་དགོས་ཀྱི་ཡོད། ད་ཆ་གནས་ཚུལ་དེ་རིགས་བསྐྱར་དུ་འཕྲད་ན། གྲོང་མི་ཚོས་འཐུས་མི་མངགས་ནས་ཁྲེང་ཏུར་ཁྲིམས་རྩོད་པ་གདན་འདྲེན་ཞུ་བར་འགྲོ་གི་ཡོད། དཀའ་ངལ་འཕྲད་སྐབས་བཅའ་ཁྲིམས་ཀྱིས་ང་ཚོར་རོགས་རམ་བྱེད་ཀྱི་འདུག”ཅེས་དཀར་མཛེས་ཀྲོའུ་རྟའུ་རྫོང་བ་སྨད་གྲོང་རྡལ་གྱི་ཀྲེན་ཀྲང་བསོད་ནམས་རྡོ་རྗེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།