འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེན་ཅིན་གྲོང་ཁྱེར་དུ་འབར་གས་བྱུང་བའི་དོན་རྐྱེན་སྐོར་གྱི་མྱུར་འཕྲིན། འབར་གས་ལས་མི་
    112རྐྱེན་ལམ་དུ་ཤོར་བ་དང་མི་88སུ་ཡིན་ཐག་གཅོད་དགོས་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་17ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་16ཉིན་གྱི་སྔ་དྲོར་འཚོགས་པའི་རུའེ་ཧའེ་ཀུང་སིའི་ཉེན་ཅན་དངོས་རྫས་མཛོད་ཁང་དུ་མེ་སྐྱོན་འབར་གས་ཚབས་ཆེན་བྱུང་བའི་དོན་རྐྱེན་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དྲུག་པའི་སྟེང་། ཐེན་ཅིན་གྲོང་ཁྱེར་ཨུ་ལྷན་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཀུང་ཅན་ཧྲེང་གིས་ཟླ་8ཚེས་16ཉིན་གྱི་སྔ་དྲོའི་ཆུ་ཚོད་9བར་དུ་འབར་གས་ལས་བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་བེམ་པོ་112རྙེད་པ་དང་། དེའི་ནང་དུ་མི་24སུ་ཡིན་ཐག་ཆོད་ཡོད་པ་དང་།  མི་88སུ་ཡིན་ད་དུང་ཐག་གཅོད་བྱེད་རྒྱུ་ཡིན་ཞེས་བརྡ་ཁྱབ་བཏང་བ་རེད།
         འབྲེལ་ཐག་ཆད་པའི་མི་གྲངས་ཀྱི་ཐད་ཀུང་ཅན་ཧྲེང་གིས་འབྲེལ་ཡོད་སྡེ་ཁག་གིས་བསྡོམས་རྩིས་ནན་ཏན་ཞིབ་ཕྲ་ཡང་ཡང་བྱས་པ་བརྒྱུད། མིག་སྔར་ཕྱོགས་སོ་སོ་ནས་མི་95གར་སོང་ཆ་མེད་དུ་གྱུར་པའི་སྙན་ཞུ་འབྱོར་ཡོད་ལ།  དེའི་ཁྲོད་མེ་གསོད་རུ་ཁག་གི་དམག་མི་85(ད་ལྟ་དམག་སྐུལ་དང་ལེན་གྱི་སྤྱི་བདེ་མེ་གསོད་མི་སྣ་13དང་། ཐེན་ཅིན་གྲུ་ཁའི་མེ་གསོད་མི་སྣ་72)དང་། མི་གཞན་དག་10བཅས་འདུས་ཡོད་ཅེས་བསྟན་པ་རེད།
      
    2015-08-13

    ཕྱོགས་བསྡུས་གསར་འགྱུར།