འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་མའི་
    དྲག་རྩལ་ལག་ཆ་Bརིགས་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་12ཉིན། 15:58】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྐབས་བཅུ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སུ་བོད་ལྗོངས་ཀྱི་ལུས་རྩལ་པ་ཡན་ཞའོ་ལེ་ཡིས་ཆེས་མཐོའི་སྐར་གྲངས་9.17གྱི་ཐོག་ནས་སྐྱེས་མའི་དྲག་རྩལ་ལག་ཆ་Bརིགས་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་རེད།  ལུས་རྩལ་པ་བསྟན་འཛིན་ཉི་མས་སྐར་གྲངས་8.86གི་ཐོག་ནས་སྐྱེས་པའི་དྲག་རྩལ་Cརིགས་འགྲན་བསྡུར་ཁྲོད་ཨང་གསུམ་པ་བླངས་པ་རེད།  འདི་ནི་བོད་ལྗོངས་ཀྱི་དྲག་རྩལ་འཐུས་མི་ཚོགས་པ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་རྩལ་འགྲན་འགྲན་བསྡུར་ལ་ཐེངས་ཐོག་མ་ཞུགས་པ་ཡིན་པ་མ་ཟད་གཟི་བརྗིད་ལྡན་པའི་བྱས་རྗེས་ཀྱང་བླངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།