འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།སུའུ་ནན་རྟ་རྗེས་དགོན་གྱི་གོས་སྐུ་འགྲེམས་པ་དང་ལབ་རྩེ་གསོལ་བའི་སྨོན་ལམ་ཆེ་མོ་
    ཚོགས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་01ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སུའུ་ནན་རྟ་རྗེས་དགོན་གྱི་གོས་སྐུ་འགྲེམས་པ་དང་ལབ་རྩེ་གསོལ་བའི་སྨོན་ལམ་ཆེ་མོ་
ཚོགས་འགོ་ཚུགས་པ།
         ཟླ་7ཚེས་30ཉིན་(ལུགས་རྙིང་ལོའི་ཟླ་6ཚེས་15)ཀན་སུའུ་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་རྟ་རྗེས་དགོན་གྱི་དགེ་འདུན་པ་ཚོས་མིག་ཟུང་གོས་སྐུར་ཕྱོགས་བཞིན་མི་རྣམས་བདེ་སྐྱིད་དང་། འབྲུ་རིགས་སྣ་ལྔ་ལོ་ལེགས། ཕྱུགས་རིགས་སྣ་དྲུག་སྐྱེ་འཕེལ། བང་མཛོད་འབྲུ་ཡིས་གང་བ། ར་བར་ཕྱུགས་ཀྱིས་ཁེངས་པ་བཅས་ཡོང་བའི་གསོལ་བ་སྨོན་ལམ་བཏབ་ཡོད་པ་རེད།
         ཉིན་དེར་སུའུ་ནན་རྟ་རྗེས་དགོན་གྱི་གོས་སྐུ་འགྲེམས་པ་དང་ལབ་རྩེ་གསོལ་བའི་སྨོན་ལམ་ཆེ་མོ་ཚོགས་འགོ་ཚུགས་ཤིང་། མཚོ་སྔོན་དང་། བོད། ས་གནས་དེ་ག་བཅས་ནས་ཡོང་བའི་སེར་སྐྱ་མང་ཚོགས་དང་ཡུལ་སྐོར་བ་ཁྲི་ལ་ཉེ་བས་ཆོས་ཕྱོགས་ཀྱི་བྱེད་སྒོ་དེའི་ནང་ཞུགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ལྟར་གྱི་ལུགས་རྙིང་ལོའི་ཟླ་6ཚེས་15ཉིན་ནི་བོད་བརྒྱུད་ནང་བསྟན་གྱི་གནས་མཆོག་སྟེ། རྟ་རྗེས་དགོན་གྱི་གོས་སྐུ་འགྲེམས་པ་དང་ལབ་རྩེ་གསོལ་བའི་སྨོན་ལམ་ཆེ་མོ་འགོ་ཚུགས་པའི་ཉིན་མོ་ཞིག་རེད།
    ༄༅།།སུའུ་ནན་རྟ་རྗེས་དགོན་གྱི་གོས་སྐུ་འགྲེམས་པ་དང་ལབ་རྩེ་གསོལ་བའི་སྨོན་ལམ་ཆེ་མོ་
ཚོགས་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།