འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།རིན་ཆེན་ལྷ་མོས་མཚོ་སྔོན་གྱི་རྒྱལ་སྤྱིའི་བྲག་འཛེག་མཁས་ཅན་འགྲན་བསྡུར་གྱི་བུད་མེད་
    ཀྱི་དཀའ་ཚད་འགྲན་བསྡུར་ནང་ཨང་དང་པོ་བླངས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་31ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རིན་ཆེན་ལྷ་མོས་མཚོ་སྔོན་གྱི་རྒྱལ་སྤྱིའི་བྲག་འཛེག་མཁས་ཅན་འགྲན་བསྡུར་གྱི་བུད་མེད་
ཀྱི་དཀའ་ཚད་འགྲན་བསྡུར་ནང་ཨང་དང་པོ་བླངས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་29ཉིན་2015ལོའི་ཀྲུང་གོའི་མཚོ་སྔོན་ས་མཐོའི་རྒྱལ་སྤྱིའི་བྲག་འཛེག་མཁས་ཅན་གྱི་འགྲན་བསྡུར་དེ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དུ་མཇུག་འགྲིལ་བ་དང་། ཀྲུང་གོའི་རུ་ཁག་གི་བོད་རིགས་བདམས་ཐོན་པ་རིན་ཆེན་ལྷ་མོས་བུད་མེད་ཀྱི་དཀའ་ཚད་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་རེད།
         ཐེངས་འདིའི་འགྲན་བསྡུར་ནང་རྒྱལ་ཁབ་དང་ས་ཁུལ་12ཀྱི་བྲག་འཛེག་བདམས་ཐོན་པ་41ཡོད་པ་དང་འགྲན་ཡུན་ཉིན་གཉིས་ཀྱི་རིང་དུ་སྤེལ། ཟླ་7ཚེས་28ཉིན་སྐྱེས་པ་དང་བུད་མེད་ཀྱི་དཀའ་ཚད་འགྲན་བསྡུར་གྱི་གྲ་སྒྲིག་འགྲན་བསྡུར་དང་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་གཉེར། སྐྱེས་པ་དང་བུད་མེད་ཀྱི་མྱུར་ཚད་འགྲན་བསྡུར་གྱི་གྲ་སྒྲིག་འགྲན་བསྡུར་དང་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་དེ་ཟླ་7ཚེས29ཉིན་གཉེར་བ་རེད།
         བུད་མེད་ཀྱི་དཀའ་ཚད་འགྲན་བསྡུར་ནང་རིན་ཆེན་ལྷ་མོས་འགྲན་ཟླ་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་པ་དང་། ཀྲུང་གོའི་བདམས་ཐོན་པ་ཉིའུ་ཏི་དང་ཕོ་ལན་གྱི་བདམས་ཐོན་པ་ཡ་ལི་ཧྲན་ཏེ་ལ·ཕུའུ་རི་པེ་ཧྲེན་གཉིས་ཀྱིས་ཨང་གཉིས་པ་དང་གསུམ་པ་བླངས། སྐྱེས་པའི་དཀའ་ཚད་འགྲན་བསྡུར་གྱི་ཨང་དང་པོ་ནི་ཨུ་རུ་སུའི་བྲག་འཛེག་མཁས་ཅན་མི་ཧྥ་ཁེ་རི་ནུའོ་ཕུའུ·ཏེ་མི་ཐེ་ལིས་བླངས་པ་དང་། ཡུག་རེན་གྱི་བདམས་ཐོན་པ་མི་ཧ་དབྱི་ལུའོ·ཧྲ་ལ་ཅིན་གྱིས་ཨང་གཉིས་པ་བླངས། ཀྲུང་གོའི་བདམས་ཐོན་པ་ཀྲའེ་ཧའེ་པིན་དང་སི་ཕེན་གྱི་བདམས་ཐོན་པ་ཀྲུའུ་ཕེ་སི·མའར་ཁོ་གཉིས་ལ་ཨང་གསུམ་པ་ཐོབ་པ་རེད།
    ༄༅།།རིན་ཆེན་ལྷ་མོས་མཚོ་སྔོན་གྱི་རྒྱལ་སྤྱིའི་བྲག་འཛེག་མཁས་ཅན་འགྲན་བསྡུར་གྱི་བུད་མེད་
ཀྱི་དཀའ་ཚད་འགྲན་བསྡུར་ནང་ཨང་དང་པོ་བླངས་པ།
    ༄༅།།རིན་ཆེན་ལྷ་མོས་མཚོ་སྔོན་གྱི་རྒྱལ་སྤྱིའི་བྲག་འཛེག་མཁས་ཅན་འགྲན་བསྡུར་གྱི་བུད་མེད་
ཀྱི་དཀའ་ཚད་འགྲན་བསྡུར་ནང་ཨང་དང་པོ་བླངས་པ།
    ༄༅།།རིན་ཆེན་ལྷ་མོས་མཚོ་སྔོན་གྱི་རྒྱལ་སྤྱིའི་བྲག་འཛེག་མཁས་ཅན་འགྲན་བསྡུར་གྱི་བུད་མེད་
ཀྱི་དཀའ་ཚད་འགྲན་བསྡུར་ནང་ཨང་དང་པོ་བླངས་པ།
      

    ཕྱོགས་བསྡུས་གསར་འགྱུར།