འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་དངོས་དོན་བསྒྲུབས་ནས་ཁེ་ལས་ཀྱི་དཀའ་གནད་བསལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་01ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         དེ་བས་ལེགས་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་གཏོད་པ་དང་དེ་བས་མང་བའི་ཁྲོམ་རའི་གཙོ་གཟུགས་སྐྱེད་སྲིང་བྱ་ཆེད། མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་ཡོད། སྲིད་ཇུས་བཟང་པོ་དོན་ཐོག་ཏུ་འཁྱོལ་བ་བྱ་ཆེད། འདི་ལོའི་ཟླ་4པའི་ཟླ་མཇུག་ཚུན། མཚོ་སྔོན་གྱིས“ལས་བྱེད་པ་ཆིག་ཁྲི་ཁེ་ལས་སུ་བསྐྱོད་ནས་ཞབས་འདེགས་ཞུ་བའི”ལས་དོན་སྤེལ་ཞིང་། རིམ་ཁག་ལས་དོན་པས་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་སྲིད་ཇུས་དྲིལ་བསྒྲགས་དང་དོན་འཁྱོལ་ལ་སྐུལ་འདེད་བཏང་བའི་ཐོག་དཀའ་གནད་བསལ་བ་དང་དོན་དངོས་བསྒྲུབས་ནས་ཁེ་ལས་ལ་དཀའ་གནད་སྒྲོལ་རོགས་བྱས་ཡོད་པ་རེད།
         ཐེ་ཚོམ་མེད་པའི་སྒོ་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་པ།
         མཚོ་སྔོན་གྱི་གཏེར་ལས་ཀུང་སི་ཞིག་གི་ཏུང་ཧྲེ་ཀྲང་ཡིན་པའི་ཚའོ་ཤིན་ཕིང(མིང་ཚབ)གིས་ལག་ཁྱེར་གཉེར་བའི་སྐོར་གླེང་སྐབས་ཁོང་ཁྲོ་ཆེན་པོ་བྱེད་ཀྱི་ཡོད། དེ་ཡང་ཚའོ་ཤིན་ཕིང་གི་གྲོགས་པོ་ཁག་གཅིག་གིས་མཉམ་དུ་རྡོ་སོལ་གཏེར་ཁ་སྔོག་འདོན་ཀུང་སི་ཞིག་བཙུགས་ཤིང་། ལོ་གཅིག་སོང་ཡང་རྡོ་སོལ་སྔོག་འདོན་གྱི་ལག་ཁྱེར་ད་དུང་རག་མེད། ཚའོ་ཤིན་ཕིང་ཀུང་སི་དེའི་ནང་མ་རྐང་བཞག་རྗེས་གཞན་གྱིས་སྒྲུབ་འདོད་མེད་པའི་ལག་ཁྱེར་གཉེར་བའི་འགན་དེ་ཁོང་གིས་ཁུར། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་དང་འཕེལ་སྒྱུར་ཨུ་ལྷན་སོགས་འགག་སྒོ་10ལྷག་ཙམ་བརྒྱུད་དགོས། མཐར་2012ལོའི་ལོ་སྨད་ཏུ་རྡོ་སོལ་སྔོག་འདོན་གྱི་ལག་ཁྱེར་རག་ཡོད་ཀྱང་། ཁྲོམ་པ་དྲུས་ནས་རྡོ་སོལ་སྔོག་འདོན་བྱེད་སྐབས་རྡོ་སོལ་གྱི་གོང་རྦད་དེ་ཆག་པས། ཁོང་གིས་དབུགས་རིང་གཏོང་བཞིན“གལ་ཏེ་རྡོ་སོལ་སྔོག་འདོན་གྱི་ལག་ཁྱེར་དུས་ཐོག་ཏུ་རག་ཡོད་ཚེ་མ་མཐར་ཡང་མ་རྩ་ཚུར་ལོག་ཐུབ”ཅེས་བཤད། གནས་ཚུལ་དེ་རིགས་དེ་སྔ་མང་པོ་ཐོན་མྱོང་ཡོད།
         ན་ནིང་མཚོ་སྔོན་གྱིས་སྲིད་འཛིན་ཞིབ་མཆན་གྱི་དོན་ཚན་324མེད་པ་བཟོ་བ་དང་། ལེགས་སྒྲིག དབང་ཆ་གཤམ་སྤྲོད་བཅས་བྱས་ནས“ཞིང་ཆེན་རིམ་པའི་སྲིད་འཛིན་ཞིབ་མཆན་དོན་ཚན་གྱི་གསུམ་ཆ་གཅིག་ཉུང་དུ་གཏོང་བའི”ལས་འགན་ལོ་གཅིག་གི་སྔ་སྣུར་དུ་ལེགས་སྒྲུབ་བྱས་ཡོད། འདི་ལོའི་ལོ་སྟོད་དུ་མཚོ་སྔོན་གྱིས་སྲིད་འཛིན་དང་བྱ་གཞག་རང་བཞིན་གྱི་རིན་བསྡུ་ཁག་22མེད་པ་བཟོས་པས། ཁེ་ལས་ཀྱི་ཁུར་བུ་ཡང་དུ་ཕྱིན་ཡོད། འདི་ལོའི་ཟླ་ལྔ་པར་སྲིད་འཛིན་གྱི་ཞིབ་མཆན་ཁག་22མེད་པ་བཟོས་པ་དང་འབྲེལ་བསྡུ་མཚོན་བཞག་པ་དང་དུས་མཚུངས་བཟོ་ཚོང་གི་ཐོ་འགོད་མདུན་འཇོག་ཞིབ་མཆན་དོན་ཚན་དཀར་ཆག་ཁྱབ་བསྒྲགས་བྱས་ནས་མདུན་འཇོག་དོན་ཚན་མང་པོ་ཞིག་བརྒྱབ་ཏུ་བསྐྱལ་ཡོད་པ་རེད།
         ཟླ་གཅིག་གི་རྗེས་མཚོ་སྔོན་གྱིས་སྲིད་གཞུང་སྡེ་ཚན་དང་ཚན་པ་82ཀྱི་དབང་ཆའི་གསལ་ཐོ་དང་འགན་འཁྲིའི་གསལ་ཐོ་བརྒྱུད་དེ་གཅིག་རྗེས་གཉིས་མཐུད་ཀྱི་སྒོ་ནས་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱས་པ་དང་དུས་མཚུངས་དོན་ཚན་ཚན་པའི་ནང་ཁོངས་སུ་འཁོར་སྐྱོད་བྱེད་པའི་ལྷུ་ཚིགས་སྔར་བས་ཉུང་དུ་བཏང་སྟེ་ལས་དོན་སྒྲུབ་པའི་དུས་བཅད་ཉིན་2523ཐུང་དུ་བཏང་ཡོད་པ་རེད།
         ལས་བྱེད་པར་སྦྱོང་བརྡར་སྤྲས་པས་ཞབས་ཞུ་ལེགས་སུ་འགྲོ་བཞིན་ཡོད་པ།
         མ་དངུལ་མི་འདང་ཚེ་ཁེ་ལས་མང་པོར་དཀའ་ངལ་བཟོ་བཞིན་ཡོད། དེ་ཡང་མཚོ་སྔོན་ཡུན་ཐེན་ཧ་ཀུང་སི་དེ་ལག་ཟད་དཔུང་ཐུག་གི་གནས་སུ་གྱར་ཡོད་པས། སྒོ་རྩར་ཞབས་འདེགས་ཞུ་བར་ཡོང་བའི་ཡན་ཧྲེང་ཏེ་ནི་ཞིང་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་ནས་ཡིན་པས་དངུལ་བུན་སྲིད་ཇུས་ལ་རྒྱུས་མངའ་ཆེན་པོ་ཡོད། ཁོང་གིས་ཆེད་ལས་འཇོན་ཐང་བཏོན་ནས་ཀུང་སི་དེས་དེ་སྔ་འབྲེལ་བ་བྱེད་མྱོང་བའི་ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་སླར་ཡང་འབྲེལ་བ་བྱས་ཏེ་འབྲེལ་མཐུད་གཏིང་ཟབ་དང་དགེ་སྤེལ་སྐྱོན་སྤོང་བྱས་སྟབས་ཀྲུང་གོ་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གིས་མགྱོགས་མྱུར་དངུལ་བུན་གཡར་རྒྱུའི་ཁས་བླངས་ནས་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་བྱུང་ཡོད། ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཨུ་ལྷན་སོགས་ཀྱིས་དངུལ་ཁང་ཁེ་ལས་དང་འབྲེལ་མཐུད་བྱེད་པའི་ཚོགས་འདུ་ཐེངས་གཉིས་འཚོགས་ནས་འབྲེལ་ཟམ་བཙུགས་ཡོད། དེར་བརྟེན་དངུལ་རྩའི་སྒྲིག་གཞི་ཁག་གཅིག་གིས་དངུལ་བུན་སྲིད་ཇུས་མང་དག་བཏོན་ནས་ཟླ་ལྔ་པར་སྒོར་དུང་ཕྱུར་123གྱི་དངུལ་བུན་བཏང་བས་འདི་ལོ་ཚུན་གྱི་ཟླ་རེའི་ཟིན་ཐོ་གསར་པ་བཏོད་ཡོད།
         ཟི་ལིང་གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཨུ་ལྷན་གྱི་སྤྱི་ཁྱབ་དཔལ་འབྱོར་མཁས་ཅན་ཤན་ཡུང་ཕིང་གིས“ལས་བྱེད་པ་སྒོ་རྩར་ཞབས་འདེགས་ཞུ་བར་ཡོང་བ་ནི་སྦྱོང་བརྡར་ཞིག་ཡིན། ཁེ་ལས་ལ་བརྩེ་བ་བཅང་ཚེ་རང་རྟོགས་ངང་ཞབས་འདེགས་ཞུ་བའི་འདུ་ཤེས་ཟབ་ཏུ་འགྲོ་ཐུབ”ཅེས་བཤད།
         “ཞབས་ཞུ་ལེགས་སུ་གཏོང་རྒྱུ་ནི་ནམ་ཡང་སྒྲུབ་མི་ཚར་བའི་བྱ་བ་ཞིག་ཡིན། སྤུས་ལེགས་ཀྱི་ཞབས་ཞུ་དེ་ཟླ་བ་གཉིས་ནས་ཟླ་བ་12བར་སྣུར་སྲིང་བྱ་རྒྱུ་ཡིན”ཞེས་ལས་དོན་ཚོགས་ཆུང་ཨང་12པའི་ཙུའུ་ཀྲང་ཏང་ཉིང་དབྱི་ཡིས་དེ་ལྟར་བཤད་བྱུང་། ༼ འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཀྲེ་ཧྥེང་དང་ཝང་མེ་ཡིས། ༽
      

    ཕྱོགས་བསྡུས་གསར་འགྱུར།