འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་ཤུལ་དུ་ཡུལ་སྐོར་བ་མང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་01ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་ཡུལ་ཤུལ་ཡུལ་སྐོར་སྡེ་ཚན་ནས་ཤེས་རྟོགས་བྱས་པར། འདི་ལོ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རུ་ས་ཡོམ་བརྒྱབ་རྗེས་ཀྱི་རིག་གནས་ཡུལ་སྐོར་ཉོ་ཚོང་མཉམ་འདྲེས་ཀྱིས་འཕེལ་རྒྱས་གཏོང་བའི་ལོ་ཐོག་མ་དེ་ཡིན་པས་ཡུལ་ཤུལ་གྱི་ཡུལ་སྐོར་ཁྲོམ་ར་འཕེལ་རྒྱས་མྱུར་པོ་ཕྱིན་ནས་དུས་གཏན་གནམ་གྲུ་འགར་ཐ་ན་སྤ་སེ་གཅིག་ཀྱང་ཉོ་ཐུབ་ཀྱི་མེད་པ་རེད།
         མཚོ་སྔོན་གནམ་ཐང་ཚད་ཡོད་ཀུང་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་ལྔ་པ་ནས་བཟུང་ཡུལ་ཤུལ་གནམ་ཐང་གིས་ཉིན་ལྟར་དུས་གཏན་གནམ་གྲུ་གཉིས་ནས་གསུམ་བར་མང་དུ་བཏང་ཡོད། ཟླ་7ཚེས་23ཉིན་བར་ཡུལ་ཤུལ་གནམ་ཐང་ནས་ཁྱོན་དུས་གཏན་གནམ་གྲུ་ཐེངས་1014བཏང་ནས་ཡུལ་སྐོར་བ་་མི་ཐེངས་ཁྲི་8.8སྐྱེལ་འདྲེན་བྱས་ཤིང་། དེ་ན་ནིང་གི་དུས་མཚུངས་ལས་བཅུ་ཆ་བདུན་དང་བཅུ་ཆ་དྲུག་སོ་སོར་མང་དུ་ཕྱིན་ཡོད་པ་རེད།
         ཟླ་8ནས་10པའི་བར། “2015ལོའི་དབྱར་རྩྭ་དགུན་འབུའི་རྒྱལ་སྤྱིའི་འགྲེམས་ཚོགས”དང“གཙང་གསུམ་ཆུ་འགོའི་མ་ཡུམ་གཙང་པོའི་སྤྱི་མཆོད་དང་། དེ་བཞིན་ཆུ་དང་ཚེ་སྲོག་བརྗོད་དོན་གཙོ་བོར་བྱེད་པའི”རོལ་དབྱངས་འདུ་འཚོགས་སོགས་བྱེད་སྒོ་ཆེ་གྲས་སྔ་རྗེས་སུ་ཡུལ་ཤུལ་དུ་སྤེལ་རྒྱུ་ཡིན་པས། མཚོ་སྔོན་གནམ་ཐང་ཚད་ཡོད་ཀུང་སིས་མཁའ་འགྲུལ་ཀུང་སི་ཁག་དང་མཐུན་སྦྱོར་བྱས་ནས་སླར་ཡང་ཡུལ་ཤུལ་ནས་ཟི་ལིང་བར་གྱི་དུས་གཏན་གནམ་གྲུ་མང་དུ་གཏོང་བ་དང་དུས་མཚུངས་ཡུལ་ཤུལ་ནས་ཟི་ལིང་དང་དེ་ནས་ཁྲེང་ཏུའུ་བར་འཕུར་བའི་མཁའ་ལམ་ཤར་གཏོང་བྱ་རྩིས་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།