འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཆེ་མོ་ཁང་གིས་དམག་བཙུགས་དུས་ཆེན་
    གྱི་སྣེ་ལེན་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་01ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་28ཉིན་ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཁེ་རོར་བརྒྱད་གཅིག་དམག་བཙུགས་དུས་ཆེན་གྱི་སྣེ་ལེན་ཚོགས་འདུ་འཚོགས་ཤིང་། ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་སྐམ་མཚོ་མཁའ་གསུམ་གྱི་དྲག་དཔོན་ཧྲའོ་ཅང་དམག་དཔོན་ཡུས་ཧའེ་པོས་སྣེ་ལེན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་སྒྲུབ་པ་ཆི་ཆན་ཅི་དང་། ཨེ་ཅིབ་ཀྱི་རྒྱལ་སྲུང་པུའི་པུའུ་ཀྲང་ཧྲའོ་ཅང་དམག་དཔོན་ཁེ་ཧྲི་ཁེ། ཨེ་ཅིབ་དམག་འཁྲུག་སློབ་གླིང་གི་ཡོན་ཀྲང་ཧྲའོ་ཅང་དམག་དཔོན་ས་ཕུའུ་ཝ་ཐེ། ཨེ་ཅིབ་དམག་དོན་གསང་འཕྲིན་པུའི་པུའུ་ཀྲང་གཞོན་པ་ཧྲའོ་ཅང་དམག་དཔོན་ཝུའུ་ས་མ་སོགས་མི་400ལྷག་ཙམ་སྣེ་ལེན་ཚོགས་འདུར་ཕེབས་ཡོད་པ་རེད།
         འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བ་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་88འཁོར་བར་རྟེན་འབྲེལ་ཞུ་ཆེད་སྣེ་ལེན་ཚོགས་འདུའི་ཐོག་དུས་གཅིག་ཏུ་《ད་ཆའི་ངར་ལྕགས་ལས་གྲུབ་པའི་ལྕགས་རི་རིང་པོ་》ཞེས་པའི་དམག་དོན་པར་རིས་འགྲེམས་སྟོན་བྱས་ཤིང་། འགྲེམས་སྟོན་ནང་ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ་དང་། སྦྱོང་བརྡར་ནན་པོ་བྱས་ནས་དམག་ཧྲག་ཐོན་པར་བྱེད་པ། འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་ཕྱི་རྒྱལ་དུ་ཞི་བདེ་སྲུང་སྐྱོང་བྱེད་པར་སྐྱོད་པ་བཅས་བརྗོད་བྱ་གཙོ་བོར་བྱས་ནས་ཀྲུང་གོའི་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྲུན་ཐད་ཐོབ་པའི་གྲུབ་འབྲས་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱས་ཐོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་དམག་དཔུང་སྟོབས་ཆེའི་ཕུགས་འདུན་འགྲུབ་ཕྱིར་འབད་འཐབ་ལྷོད་མེད་བྱས་པའི་བརྗིད་ཉམས་ལྡན་པའི་རྣམ་པ་དངོས་འབྲེལ་མངོན་པར་བྱས་པར་ཀྲུང་ཕྱིའི་སྐུ་མགྲོན་ཚོའི་ཚད་མཐོའི་གདེང་འཇོག་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།