འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཚུའེ་ཐེན་ཁའེ་ཡིས་རང་རེའི་དམག་བཙུགས་དུས་ཆེན་གྱི་སྣེ་ལེན་ཚོགས་འདུའི་ཐོག་དུས་
    བབ་གསར་པའི་འོག་ཀྲུང་ཨའི་དབར་གྱི་མཉམ་ལས་སྔར་བས་གལ་ཆེར་འགྱུར་བ་
    དང་སྔར་བས་དགོས་ངེས་ཡིན་པ་མཚོན་ཡོད་ཅེས་ནན་བཤད་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་01ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2015ལོའི་ཟླ་7ཚེས་28ཉིན་གྱི་དགོང་མོ་ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རྒྱལ་སྲུང་དྲག་དཔོན་ཧྲའོ་ཅང་དམག་དཔོན་ཞུས་ནན་ཧྥུང་བཟའ་ཚོ་གཉིས་ཀྱིས་གཞུང་ཚབ་ཆེ་མོ་ཁང་དུ་སྣེ་ལེན་ཚོགས་འདུ་གཟབ་རྒྱས་འཚོགས་ཏེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་88འཁོར་བར་གཟབ་རྒྱས་ངང་རྟེན་འབྲེལ་ཞུས་པ་རེད། ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་ཆེ་མོ་བ་ཚུའེ་ཐེན་ཁའེ་ཡིས་ཤིས་ཚིག་གསུང་སྐབས་དུས་རབས་21པའི་འཛམ་གླིང་གི་རླབས་རྒྱུན་དང་རྒྱལ་སྤྱིའི་དུས་བབ་མདུན་དུ་ཀྲུང་ཨའི་དབར་གྱི་མཉམ་ལས་སྔར་བས་གལ་ཆེར་འགྱུར་བ་དང་སྔར་བས་དགོས་ངེས་ཡིན་པ་མཚོན་ཡོད། ད་ལོའི་ཟླ་དགུ་པར་ཙུང་ཐུང་ཨའོ་པ་མའི་གདན་ཞུས་ལྟར་ཀྲུའུ་ཞི་ཞིས་ཅིན་ཕིང་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། དེ་ནི་ཕྱོགས་གཉིས་པོས་འབྱུང་འགྱུར་ལ་ཁ་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཆར་འགོད་བྱེད་པའི་འཚམས་འདྲི་གལ་ཆེན་ཞིག་ཡིན་པས་ཀྲུང་ཨས་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཛུགས་པར་སྒུལ་ཤུགས་གསར་པ་སྣོན་ངེས་རེད་ཅེས་བཤད་པ་རེད།
          ཨ་རིའི་དབུ་བཞུགས་ལས་རོགས་རྒྱལ་སྲུང་པུའུ་ཀྲང་གི་ལས་རོགས་མཁྱེན་ལྡན་མ་མ་ཀེ་སི་མན་དང་དེ་བཞིན་ཨ་རིའི་དམག་གསུམ་གྱི་སྐུ་མགྲོན་དང་། ལས་རིགས་ཁག་གི་མཛའ་གྲོགས་མི་སྣ། ཨ་རིར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་ཆེ་མོ་བ་དང་དྲག་དཔོན། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི། ཨ་རིར་བཅའ་སྡོད་ཀྲུང་གོའི་སྒྲིག་གཞིའི་འཐུས་མི་བཅས་ཁྱོན་མི་500ལྷག་ཙམ་སྣེ་ལེན་ཚོགས་འདུར་ཞུགས་པ་རེད།
         གཞུང་ཚབ་ཆེ་མོ་བ་ཚུའེ་ཐེན་ཁའེ་ཡིས་ཤིས་ཚིག་གསུང་སྐབས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་88འཁོར་བར་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད། ད་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་པ་དང་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་དང་དེ་བཞིན་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་》ཀྱི་དམིགས་ཡུལ་དང་རྩ་དོན་སྲོག་ཤིང་དུ་བྱེད་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་བྱ་རྒྱུ་ཡིན། དུས་རབས་21པའི་འཛམ་གླིང་གི་རླབས་རྒྱུན་དང་རྒྱལ་སྤྱིའི་དུས་བབ་མདུན་དུ་ཀྲུང་ཨའི་དབར་གྱི་མཉམ་ལས་སྔར་བས་གལ་ཆེར་འགྱུར་བ་དང་སྔར་བས་དགོས་ངེས་ཡིན་པ་མཚོན་ཡོད། ད་ལོའི་ཟླ་དགུ་པར་ཙུང་ཐུང་ཨའོ་པ་མའི་གདན་ཞུས་ལྟར་ཀྲུའུ་ཞི་ཞིས་ཅིན་ཕིང་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། དེ་ནི་ཕྱོགས་གཉིས་པོས་འབྱུང་འགྱུར་ལ་ཁ་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཆར་འགོད་བྱེད་པའི་འཚམས་འདྲི་གལ་ཆེན་ཞིག་ཡིན་པས་ཀྲུང་ཨས་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཛུགས་པར་སྒུལ་ཤུགས་གསར་པ་སྣོན་ངེས་རེད། ང་ཚོས་ཨ་རི་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ད་ཐེངས་ཀྱི་འཚམས་འདྲི་ཐུགས་གྲ་ལེགས་འགྲིག་ཡོང་བ་བྱས་ནས་ཀྲུང་ཨའི་འབྲེལ་བར་སྔར་བས་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ཞིག་བཏོད་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་བ་སྐྲུན་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཉམ་ལས་གཉིས་ཕན་ལ་སྐུལ་མ་ཐེབས་པའི་འགན་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
         སྣེ་ལེན་ཚོགས་འདུ་གཉེར་རིང“པར་དེབ་ནང་གི་ཀྲུང་ཨའི་དམག་གཉིས་ཀྱི་མཉམ་ལས”ཞེས་པའི་བརྗོད་བྱ་གཙོ་བོའི་པར་རིས་འགྲེམས་སྟོན་བྱས་ནས་རི་འགོག་དམག་འཁྲུག་རིང་ཀྲུང་གོ་གུང་ཁྲན་ཏང་དང་དམག་སྡེ་བརྒྱད་པས་ཨ་དམག་གི་ལྟ་ཞིབ་ཚོགས་ཆུང་དང་ཐོག་མར་སྤེལ་རེས་མཉམ་ལས་བྱས་ནས་ཐུན་མོང་ཐོག་རི་འགོག་བྱེད་པའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་པ་དང་ཉེ་བའི་ལོ་ཤས་རིང་ཀྲུང་ཨའི་དམག་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱས་ནས་དམག་གཉིས་ཀྱི་འབྲེལ་བ་གསར་པ་མཉམ་འཛུགས་བྱེད་པའི་དགེ་མཚན་ལྡན་པའི་ཡར་རྒྱས་མཚོན་ཡོད་པ་རེད། དེའི་རིང་ད་དུང་དྲིལ་བསྒྲགས་གློག་བརྙན་《དེང་དུས་ཀྱི་ཀྲུང་གོའི་དམག་དཔུང་》ཞེས་པ་བསྟན་པ་དང་མགྲོན་པོ་ཚོར་《ལོ་རྒྱུས་ཀྱིས་མཛའ་གྲོགས་ཀྱི་དཔང་པོ་བྱེད་》དང་《བཅིངས་འགྲོལ་དམག་གི་བརྙན་པར་》སོགས་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།