འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ཆར་པ་འབབ་ཚད་ལོ་རྒྱུས་ཀྱི་དུས་མཚུངས་དང་བསྡུར་ན་བཅུ་ཆ་བཞི་
    ཉུང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་01ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་གནམ་གཤིས་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་བོད་ལྗོངས་སུ་ཆར་པ་འབབ་ཚད་ལོ་རྒྱུས་ཀྱི་དུས་མཚུངས་དང་བསྡུར་ན་བཅུ་ཆ་བཞི་ཉུང་དུ་ཕྱིན་པས། ས་ཁུལ་ཁག་གཅིག་ལ་ཐན་པ་བསྟན་ཞིང་། ཚོད་དཔག་བྱས་ན། ཟླ་8ཚེས་2ཉིན་ཆར་པ་འབབ་རྒྱུ་ཡིན་པས་ས་ཁུལ་ཁག་གཅིག་གི་ཐན་པའི་གནས་ཚུལ་ཞི་ལྷོད་དུ་འགྲོ་རེ་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱི་དབུ་བཞུགས་ཞབས་ཞུའི་ཆེད་ལས་མཁས་ཅན་ཀྲང་ཧེ་ཀྲེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ཨེར་ཉི་ནུའོ་སྣང་ཚུལ་གྱི་ཤུགས་རྐྱེན་ཐེབས་པས་བོད་ལྗོངས་ཀྱི་གནམ་གཤིས་འགྱུར་ལྡོག་ཆེ་ཞིང་རྙོག་འཛིང་ཆེ་བ་ཡོད། ཆུ་རྒྱས་རྗེས་ས་ཁུལ་མང་པོར་ཚ་བ་ཆེ་ཙམ་ཡོད་ཁར། ཆར་ཆུ་ཉུང་དུ་སོང་ཞིང་། ཡར་ཀླུང་གཙང་པོའི་རྒྱུད་ཀྱི་ཞིང་ཁུལ་གཙོ་བོར་ཆ་སྙོམས་ཀྱི་ཆར་པ་འབབ་ཚད་ཧའོ་སྨི་50ཡང་ཟིན་གྱི་མེད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་ལྗོངས་སུ་གཞི་ཁྱོན་ཆེ་བའི་ཐན་པ་བསྟན་མེད་པ་དང་། འོན་ཀྱང་འབྲུ་རིགས་ཐོན་ཡུལ་གཙོ་བོ་ཡིན་པའི་གཞིས་རྩེ་གྲོང་ཁྱེར་དུ་ཐན་པ་ཅུང་བསྟན་ཡོད། གཞན་ཡང་འབྲོག་ཁུལ་ཁ་ཤས་ཀྱི་ཕྱུགས་རྩྭར་ཐན་པས་རྐྱེན་པས་སྤྱི་ཡོངས་ནས་སེར་སྐམ་ཐེབས་བཞིན་ཡོད་པ་དང་། རྩོལ་བྱུང་རྩྭ་རའི་རྩྭ་ཐོན་ཚད་ཀྱང་ཆེས་ཆེར་ཆག་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།