འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ར་ས་འཕྲུལ་སྣང་གཙུག་ལག་ཁང་སྟེ་གནས་མཇལ་བའི་གནས་མཆོག

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་28ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ར་ས་འཕྲུལ་སྣང་གཙུག་ལག་ཁང་སྟེ་གནས་མཇལ་བའི་གནས་མཆོག
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་23ཉིན་གྱི་ཞོགས་པར"ཕུགས་འདུན་མངོན་འགྱུར། བོད་ལྗོངས་ཀྱི་ཞབས་རྗེས"ཞེས་པའི་རྒྱལ་ཡོངས་དྲ་རྒྱ་སྨྱན་སྦྱོར་བོད་ལྗོངས་སུ་སྐྱོད་ཅེས་པའི་གསར་འགོད་པ་ཚོ་གངས་ཅན་ཁ་བའི་ལྗོངས་ཀྱི་ནང་བསྟན་ཆོས་ལུགས་ཀྱི་གནས་མཆོག་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་རྩད་འདྲི་བྱེད་པར་བསྐྱོད་པ་རེད།
         ར་ས་འཕྲུལ་སྣང་གཙུག་ལག་ཁང་ནི་ལྷ་ས་གྲོང་ཁྱེར་གྱི་ལྟེ་བར་ཆགས་ཡོད་ལ། དེ་ནི་དུས་རབས་བདུན་པའི་དཀྱིལ་ཙམ་སྟེ་སྤྱི་ལོ་647ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བཞེངས་པ་དང་། གཙུག་ལག་ཁང་དུ་ཇོ་བོ་ཤཱཀྱ་མུ་ནེ་དགུང་ལོ་12སྐབས་ཀྱི་སྐུ་བཞུགས་ཡོད་པས། བོད་ཀྱི་ཆོས་ལུགས་བྱེད་སྒོ་གལ་ཆེན་ཁག་སྤེལ་བའི་ལྟེ་བ་རུ་གྱུར་ཅིང་། མཆོད་མཇལ་པ་མང་པོ་ཞིག་གིས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་ལ་མཇལ་ཐུབ་རྒྱུ་ནི་ཚེ་གཅིག་གི་རེ་བར་ཆགས་ཡོད། 2000ལོའི་ཟླ་11པར་ར་ས་འཕྲུལ་སྣང་གཙུག་ལག་ཁང་དེ་ཕོ་བྲང་པོ་ཏ་ལའི་རྒྱ་བསྐྱེད་ལས་གཞིར་བརྩིས་ནས་<<འཛམ་གླིང་ཤུལ་བཞག་གི་མིང་ཐོ་>>ཞེས་པར་འཇུག་རྒྱུར་ཆོག་མཆན་ཐོབ་ནས་འཛམ་གླིང་རིག་གནས་ཤུལ་བཞག་ཏུ་འཁོད་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།ར་ས་འཕྲུལ་སྣང་གཙུག་ལག་ཁང་སྟེ་གནས་མཇལ་བའི་གནས་མཆོག
      

    ཕྱོགས་བསྡུས་གསར་འགྱུར།