འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་སྲིད་ཇུས་བཟང་པོ་དོན་འཁྱོལ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་01ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ན་ནིང་མཚོ་སྔོན་གྱིས་སྲིད་འཛིན་ཞིབ་མཆན་དོན་ཚན་ཁག་324མེད་པ་བཟོ་བ་དང་། ལེགས་སྒྲིག གཤམ་སྤྲོད་བཅས་བྱས་ཏེ“ཞིང་ཆེན་རིམ་པའི་སྲིད་འཛིན་ཞིབ་མཆན་དོན་ཚན་གསུམ་ཆ་གཅིག་ཉུང་དུ་གཏོང་རྒྱུའི”ལས་འགན་ལོ་གཅིག་གི་སྔ་སྣུར་དུ་ལེགས་སྒྲུབ་བྱས་པ་རེད། འདི་ལོའི་ལོ་འགོར་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་ཁག་22མེད་པ་བཟོས་པ་དང་བསྡུ་མཚམས་བཞག་ནས་ཁག་གཉིས་ལས་ལྷག་མེད་པ་རེད། ཉེ་ཆར་སླར་ཡང་སྲིད་གཞུང་སྡེ་ཚན་གྱི་དབང་ཆའི་གསལ་ཐོ་དང་འགན་འཁྲིའི་གསལ་ཐོ་80ལྷག་ཙམ་ཡོངས་བསྒྲགས་བྱས་པ་རེད།
         སྲིད་ཇུས་བཟང་པོ་མང་པོ་བཏོན་ཡང་དོན་འཁྱོལ་ཇི་ཙམ་ཐུབ་ཡོད་དམ་ཞེ་ན།
         “སྲིད་ཇུས་བཏོན་ཡང་དོན་འཁྱོལ་མ་ཐུབ་པའི”གནད་དོན་ཐག་གཅོད་བྱ་ཆེད། འདི་ལོའི་ཟླ་4པའི་ཟླ་མཇུག་ཏུ་མཚོ་སྔོན་གྱིས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ནས“ལས་བྱེད་པ་ཆིག་ཁྲིས་ཁེ་ལས་སུ་ཞབས་ཞུ་བྱེད་པའི”བྱེད་སྒོ་སྤེལ་བ་དང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་པ་དང་རིམ་ཁག་སྡེ་ཚན་ཁག་གིས་འཇོན་ཐང་ཅན་བཏང་ནས་ཁེ་ལས་ཀྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་དང་ཁེ་ལས་ལ་དཀའ་གནད་སེལ་རོགས་བྱས་པ་རེད།
         མཚོ་སྔོན་ཧྲེང་ཡོན་ས་གདན་ཀུང་སིས་གཙོ་བོ་ནང་འདྲེན་དང་ཕྱིར་གཏོང་གི་ཚོང་དོན་གཉེར་གྱི་ཡོད། སྔོན་ཆད་མངག་ཐོ་སྒྱུར་བ་དང་ས་ཁོངས་རེ་ཞུ་སོགས་ལྷུ་ཚིགས་ཀྱི་གཟིགས་སྐྱོང་སྲིད་ཇུས་དེ་ཙམ་གསལ་པོ་ཤེས་ཀྱི་མེད། ཟླ་5ཚེས་12ཉིན་ཁེ་ལས་ནང་ཞབས་ཞུ་བྱེད་པའི་ལས་དོན་ཚོགས་ཆུང་ཨང་34པ་ཀུང་སི་དེར་སླེབས་ནས་ཟི་ལིང་འགག་སྒོ་ལས་ཁུངས་ཀྱི་ཁོངས་མིས་གྲོས་མོལ་ཞིབ་ཚགས་བྱས་པ་དང་ཐབས་ཇུས་བཏོན་པས་ཁེ་ལས་ཀྱི་འགན་འཁུར་བ་རྨོངས་གཉིད་ལས་སད་པ་ལྟར་བྱུང་ཡོད། དེ་རྗེས་ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་སླར་ཡང་ལས་དོན་མི་སྣ་བཏང་ནས་རྗེས་འདེད་ཞབས་ཞུ་བྱས་པ་དང་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ཤང་ལན་གྱིས“སྔོན་ཆད་སྲིད་ཇུས་ལ་རྒྱུས་མངའ་མེད། འོན་ཀྱང་ལས་དོན་ཚོགས་ཆུང་སླེབས་མ་ཐག་སེམས་རྩ་འཁོལ་པོས་གསལ་བཤད་བྱས་པས་ང་ཚོར་དེ་བས་ཡིད་ཆེས་ཀྱིས་ཁེངས་བྱུང”ཞེས་བཤད།
         “ནན་གསུམ་དྲང་གསུམ”ལག་བསྟར་བྱས་ཏེ་ས་གནས་ས་ཐོག་ཏུ་ཐག་གཅོད་དང་འཕྲལ་མར་ལས་དོན་བསྒྲུབ་རྒྱུ་དེ་རིམ་ཁག་ལས་བྱེད་པའི་ལས་ཀའི་འདུ་ཤེས་དང་ལས་རིགས་ཀྱི་གོམས་གཤིས་སུ་གྱུར་ཡོད། ཁྲོམ་རའི་གནས་ཚུལ་ཁྲོམ་རར་རྩིས་སྤྲོད་པ་དང་སྲིད་གཞུང་གི་གནས་ཚུལ་སྲིད་གཞུང་ལ་རྩིས་སྤྲད་སྟབས་ཞིབ་ཕྲའི་གནད་དོན་2000ལྷག་ཙམ་ནས་བཅུ་ཆ་དགུ་ཐག་གཅོད་ཐུབ་པ་དང་དེ་བྱིངས་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་བཞིན་ཡོད་ཅིང་། ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ལྷན་དུ་བཙུགས་པའི“འཕྲལ་མར་སྒྲུབ་པའི”གཞུང་དོན་ཁང་དུ་བྲེལ་འཚུབ་ཀྱིས་ཁེངས་ཡོད། ལོ་སྟོད་དུ་མཚོ་སྔོན་གྱི་གཞི་ཁྱོན་ལྡན་པ་ཡན་གྱི་ཁེ་ལས་དང་བཟོ་ལས་ཀྱི་འཕར་ཚད་7.5%ཟིན་ནས་ཆག་མཚམས་ཆད་དེ་འཕར་བའི་འཕེལ་ཕྱོགས་མངོན་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།