འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་10རིང་ཀྲུང་ཧིན་རྣ་ཐོས་ལའི་མཐའ་མཚམས་ཉོ་འཚོང་བགྲོད་ལམ་དུ་ཉོ་འཚོང་
    བྱས་པའི་དངུལ་གྲངས་ལྡབ་60ལྷག་ཙམ་འཕར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་16ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་གྲོ་མོ་རྫོང་གི་རྣ་ཐོས་ལའི་ལ་ཁ་ནི་ཀྲུང་གོ་དང་ཧིན་རྡུའི་བར་གྱི་སྐམ་སའི་ཚོང་ལམ་ཉག་གཅིག་ཡིན། ཟླ་7ཚེས་14ཉིན་གསར་འགོད་པས་གྲོ་མོ་རྫོང་སྲིད་གཞུང་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2006ལོར་འགག་སྒོ་ལས་བརྒྱུད་པ་སླར་གསོ་བྱས་པ་ནས་བཟུང་རྣ་ཐོས་ལའི་མཐའ་མཚམས་ཉོ་འཚོང་བགྲོད་ལམ་གྱི་ཉོ་འཚོང་བྱས་པའི་དངུལ་གྲངས་ལྡབ་60ལྷག་ཙམ་འཕར་བ་རེད།
         མཚམས་སྦྱོར་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་རིང་རྣ་ཐོས་ལའི་མཐའ་མཚམས་ཉོ་འཚོང་བགྲོད་ལམ་དུ་མི་སྣ་འགྲོ་འོང་དང་དངོས་ཟོག་སྐྱེལ་འདྲེན་བྱས་ཚུལ་རིམ་བཞིན་མང་དུ་སོང་བའི་གནས་ཚུལ་བྱུང་ཞིང་། 2014ལོར་མཐའ་མཚམས་ཉོ་འཚོང་བྱས་པའི་དངུལ་གྲངས་ཐེངས་དང་པོར་མི་དམངས་ཤོག་སྒོར་དུང་ཕྱུར་1ལས་བརྒལ་ཞིང་། ལོ་བཅུའི་སྔོན་དང་བསྡུར་ན་ལྡབ་60འཕར་བ་རེད།
         མིག་སྔར་ཉིན་ལྟར་རྣ་ཐོས་ལ་འགག་སྒོ་ནས་འགྲོ་འོང་བྱེད་པའི་མཐའ་མཚམས་ཉོ་འཚོང་བྱེད་པའི་ཀྲུང་གོའི་རླངས་འཁོར་ཐེངས་40ཡས་མས་དང་། མཐའ་མཚམས་མི་སྣ་འགྲོ་འོང་བྱེད་མཁན་མི་ཐེངས་100ལྷག་ཙམ་ཡོད་པ་དང་། ཧིན་རྡུའི་རླངས་འཁོར་ཉིན་རེར་འགག་སྒོ་ནས་འགྲོ་འོང་ཐེངས་20ལྷག་ཙམ་དང་མི་སྣ་འགྲོ་འོང་བྱེད་མཁན་མི་ཐེངས་50ལྷག་ཙམ་ཡོད་པ་རེད།
         གྲོ་མོ་རྫོང་རྫོང་དཔོན་གཞོན་པ་སྐལ་བཟང་བདེ་སྐྱིད་ཀྱིས་མཐའ་མཚམས་ཉོ་འཚོང་གི་ཁོར་ཡུག་རྒྱུན་་ཆད་མེད་པར་ལེགས་བཅོས་བྱས་པའི་ཕན་པ་བྱུང་བའི་རྐྱེན་གྱིས་2014ལོར་གྲོ་མོ་རྫོང་གི་མཐའ་མཚམས་ཉོ་འཚོང་ལ་ཞུགས་པའི་མི་གྲངས་600ལས་བརྒལ་བ་དང་། མཐའ་མཚམས་ཉོ་འཚོང་གི་ཚོང་ཟོག་རིགས་40ལས་བརྒལ་ཞིང་། མཐའ་མཚམས་མང་ཚོགས་ཀྱི་ལོ་རེའི་ཡོང་འབབ་མང་ཤོས་མི་དམངས་ཤོག་སྒོར་ཁྲི་100ལས་བརྒལ་བ་དང་། སྤྱིར་བཏང་ལའང་ཡོང་འབབ་མི་དམངས་ཤོར་སྒོར་ཁྲི་10ཡས་མས་ཡོད་ཅེས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།