འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་6ཚེས་9ཉིན་ནས་བཟུང་བོད་ལྗོངས་སུ་སྣུམ་རིགས་ཀྱི་རིན་གོང་མར་བཅག་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་10ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2015ལོའི་ཟླ་6ཚེས་9ཉིན་ནས་བཟུང་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་སྣུམ་གྲུབ་མ་ཕྱིར་འཚོང་རིན་གོང་མར་བཅག་པ་དང་། ལྷ་སའི་རིན་གོང་ཁུལ་དུ་རླངས་སྣུམ་93པ་ཏུན་རེའི་རིན་གོང་སྒོར་9906.56ནས་སྒོར་9798.88དུ་བཅག་པ་དང་། སྤྱི་བྲེ་རེའི་རིན་གོང་སྒོར་7.36ནས་སྒོར་7.28དུ་བཅག་པ། ཁྲའེ་ཡིའུ་སྣུམ་0པ་ཏུན་རེའི་རིན་གོང་སྒོར་7913.50ནས་སྒོར་7806.40རུ་བཅག་པ་དང་། སྤྱི་བྲེ་རེའི་རིན་གོང་སྒོར་6.65ནས་སྒོར་6.56ཏུ་བཅག་པ་རེད།
         ཆབ་མདོའི་རིན་གོང་ཁུལ་དུ་རླངས་སྣུམ་93པ་ཏུན་རེའི་རིན་གོང་སྒོར་11144.88ནས་སྒོར་11037.20དུ་བཅག་པ་དང་། སྤྱི་བྲེ་རེའི་རིན་གོང་སྒོར་8.28ནས་སྒོར་8.20དུ་བཅག་པ། ཁྲའེ་ཡིའུ་སྣུམ་0པ་ཏུན་རེའི་རིན་གོང་སྒོར་9139.20ནས་སྒོར་9032.10དུ་བཅག་པ་དང་། སྤྱི་བྲེ་རེའི་རིན་གོང་སྒོར་7.68ནས་སྒོར་7.59རུ་བཅག་པ་རེད།
         མངའ་རིས་རིན་གོང་ཁུལ་དུ་རླངས་སྣུམ་93པ་ཏུན་རེའི་རིན་གོང་སྒོར་11642.90ནས་སྒོར་11535.22སུ་བཅག་པ་དང་། སྤྱི་བྲེ་རེའི་རིན་གོང་སྒོར་8.65ནས་སྒོར་8.57དུ་བཅག་པ། ཁྲའེ་ཡིའུ་སྣུམ་0པ་ཏུན་རེའི་རིན་གོང་སྒོར་9710.40ནས་སྒོར་9603.30ཏུ་བཅག་པ་དང་། སྤྱི་བྲེ་རེའི་རིན་གོང་སྒོར་8.16ནས་སྒོར་8.07དུ་བཅག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།