འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་སྤྱི་རྒྱ་630ཡོངས་གྲགས་སུ་སྲེག་བརླག་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་10ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    དུག་ཐ་ཧེ་རུན།
    དུག་ཐ་ཧེ་རུན།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་9ཉིན་གྱི་སྔ་དྲོར་པེ་ཅིང་ཉེན་རྟོག་ཕྱོགས་ཀྱིས་2012ལོ་དང་2013ལོར་རྩིས་ལེན་བྱས་པའི་དུག་རྫས་སྤྱི་རྒྱ་630ལྷག་ཙམ་དང་། དོ་ལན་ཐིན་(ཁབ་སྨན)4000ལྷག་ཙམ། དེ་བཞིན་དུག་རྒྱུའི་སྐྱེ་དངོས་རྐང་6600ལྷག་ཙམ་བཅས་ཡོངས་གྲགས་སུ་སྲེག་བརླག་བཏང་བ་རེད།  ཤེས་རྟོགས་བྱུང་བ་ལྟར་ན། འདི་ནི་པེ་ཅིང་ཉེན་རྟོག་ཕྱོགས་ཀྱིས་ཡོངས་གྲགས་སུ་དུག་རྫས་འབོར་ཆེ་ཙམ་སྲེག་བརླག་བཏང་བའི་བྱ་སྤྱོད་ཐེངས་ཤིག་རེད།
         ཐེངས་འདི་སྲེག་བརླག་བཏང་བའི་དུག་རྫས་ཀྱི་ནང་དུག་ཐ་ཧེ་རུན་སྤྱི་རྒྱ་112ལྷག་ཙམ་དང་། འཁྱགས་དུག་སྤྱི་རྒྱ་114ལྷག་ཙམ། སོ་མ་ར་ཙའི་ཚི་བ་སྤྱི་རྒྱ་118ལྷག་ཙམ། མཚེ་ལྡུམ་བུལ་སྤྱི་རྒྱ་80 ལྷག་ཙམ། ཁོ་ཁ་དབྱིན་སྤྱི་རྒྱ་31ལྷག་ཙམ། རྒྱ་མེན་གྱི་ཤུན་པ་སྤྱི་རྒྱ་15ལྷག་ཙམ་བཅས་དང་དེ་བཞིན་མགོ་གཡུག་རིལ་བུ་དང་མེ་ཧྲ་ཐོན་ལ་སོགས་པའི་དུག་རྫས་དང་དུག་རྫས་སྦྱོར་རྟ་སོགས་ཁྱོན་བསྡོམས་སྤྱི་རྒྱ་92ཙམ་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】
    རྩིས་ལེན་བྱས་པའི་དུག་རྫས།
    རྩིས་ལེན་བྱས་པའི་དུག་རྫས།
      

    ཕྱོགས་བསྡུས་གསར་འགྱུར།