འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།གྲངས་ཉུང་མི་རིགས་ཀྱི་ཞིང་འབྲོག་པ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བརྟན་པོ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་10ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གྲངས་ཉུང་མི་རིགས་ཀྱི་ཞིང་འབྲོག་པ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བརྟན་པོ་བཏང་བ།
         མི་དམངས་དྲ་བའི་འཕྲིན། 2014ལོའི་ཟླ་8ཚེས་13ཉིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཧྲི་ལྔ་པའི་ཐོན་གྱ་དགུའི་ལན་དགུ་པའི་སོག་རིགས་ཤིང་འབྲས་འདེབས་མཁན་ཞིང་པ་པ་དབྱིང་ཅས་སྨིན་གྲབས་ཡོད་པའི་རྒུན་འབྲུམ་ལ་གཡོག་བྱེད་བྱེད་བཞིན་ཡོད། པ་དབྱིང་ཅས་འདེབས་འཛུགས་བྱས་པའི་རྒུན་འབྲུམ་མུའུ་7.5ལ་དོ་དམ་ཞིབ་ཚགས་བྱས་པ་བརྒྱུད་ལོར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་2ཡན་ཡོད་པས་དཔལ་འབྱོར་ཡོང་འབབ་བརྟན་པོ་དེས་ཁོང་གི་བློ་ཁ་ཡོངས་སུ་བསྐང་ཡོད།
         ཐོན་གྱ་དགུ་ནི་སོག་རིགས་དང་། ཡུ་གུར་རིགས། ཧ་སག་རིགས་སོགས་གྲངས་ཉུང་མི་རིགས་10ལྷག་ཙམ་འདུས་སྡོད་བྱས་པའི་ཐོན་ཞིག་ཡིན་ཞིང་། གྲངས་ཉུང་མི་རིགས་ཀྱི་ཞིང་འབྲོག་པའི་ཡོང་འབབ་དམའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱ་ཆེད་ཐོན་གྱ་དགུའི་ཏང་ཨུད་ཀྱིས་གཟིགས་སྐྱོང་སྲིད་ཇུས་དང་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་བཏོན་ནས་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།