འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་ཐོན་འབབ་མང་དུ་ཕྱིན་པ་དང་རིན་གོང་ཆག་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་10ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་རང་རྒྱལ་གྱི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གཙོ་བོ་མཚོ་སྔོན་གྱི་ལས་སྒོའི་ནང་ངོས་མི་སྣ་ཁག་གཅིག་གིས་ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོར་དབྱར་རྩྭ་དགུན་འབུའི་ཐོན་འབབ་དེ་སྔ་ལས་མང་དུ་ཕྱིན་རུང་རིན་གོང་ཆག་ཡོད་པ་རེད།
         ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་དང་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་གཉིས་པོའི་དབྱར་རྩྭ་དགུན་འབུ་འཐུ་མཁན་དང་དེ་བཞིན་ཉོ་མཁན་གྱིས་འདི་ལོ་དབྱར་རྩྭ་དགུན་འབུའི་ཐོན་འབབ་ཧ་ཅང་ཆེན་པོ་འདུག་ཅེས་ཤོད་ཀྱི་ཡོད་པ་རེད།
         མཚོ་སྔོན་སྨན་བཟོ་གྲྭའི་ཀུང་སི་ཞིག་གི་ཏུང་ཧྲི་ཀྲང་ཧན་ཕུའུ་མིང་གིས“ཉེ་དུས་བཟོ་པ་ཚོས་ཆ་སྙོམས་ཉིན་རེར་དབྱར་རྩྭ་དགུན་འབུ་རྐང་60ནས་100བར་འཐུ་ཐུབ་ཀྱི་ཡོད་པ་ནི་དེ་སྔ་མཐོང་དཀོན་པ་ཞིག་རེད”ཅེས་བཤད།
         མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་རྩྭ་ཐང་ལྟ་སྐུལ་དོ་དམ་ས་ཚིགས་ཀྱི་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚོད་མ་སླེབས་གོང་གི་གཟའ་འཁོར་གཉིས་ནང་མཚོ་སྔོན་གྱི་འབྲོག་ཁུལ་དུ་གངས་ཆེན་པོ་ཐེངས་གཉིས་བབས་པ་དེས་དབྱར་རྩྭ་དགུན་འབུ་སྐྱེ་འཚར་ཡོང་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད། དབྱར་རྩྭ་དགུན་འབུ་སྤུས་ཚད་འབྲིང་བར་སྤྱི་རྒྱ་རེར་ན་ནིང་སྒོར་ཁྲི་12ཙམ་ཡིན་པ་དེ་ད་ལོ་སྒོར་ཁྲི་10བར་ཆག་པ་དང་སྤུས་ཚད་ཞན་པའི་རིན་གོང་ཆག་ཚད་དེ་བས་ཆེ་བ་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་དབྱར་རྩྭ་དགུན་འབུ་མཐུན་ཚོགས་ཀྱི་དྲུང་ཆེ་ཀྲའོ་ཅིན་ཝུན་གྱིས“རིན་གོང་སྤྱིར་ཆག་པ་དེར་དོ་ཁུར་བྱེད་རིན་ཡོད་རུང་། སྤུས་ཚད་ལེགས་ཤོས་ཀྱི་རིན་གོང་དེ་ཙམ་ཆག་མེད་པས་སྔར་བཞིན་མཁོ་མང་ཐོན་ཉུང་ཡིན་པ་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།