འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོའི་མཐོ་རྒྱུགས་ཟླ་6ཚེས་7ཉིན་ལེན་འགོ་རྩོམ་རྒྱུ་དང་མཐོ་རྒྱུགས་སུ་ཞུགས་པའི་
    མི་ཁྲི་942ཟིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་05ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སློབ་གསོ་པུས་ཟླ་6ཚེས་4ཉིན་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལྟར་ན།2015ལོའི་རྒྱལ་ཡོངས་གཅིག་གྱུར་གྱི་མཐོ་རྒྱུགས་ནི་ཟླ་6ཚེས་7ཉིན་ནས་ཚེས་8ཉིན་བར་ལེན་རྒྱུ་ཡིན་པ་དང་།ཞིང་ཆེན་ཁ་ཤས་ཀྱི་རྒྱུགས་ལེན་ཚན་པ་བཀོད་སྒྲིག་བྱས་ཚུལ་མི་འདྲ་བས། ཚེས་9ཉིན་ལའང་རྒྱུགས་ལེན་བཀོད་སྒྲིགས་བྱས་ཡོད་པ་རེད།ད་ལོར་རྒྱལ་ཡོངས་སུ་མཐོ་རྒྱུགས་ལ་ཞུགས་རྒྱུའི་མིང་ཐོ་བཀོད་པའི་མི་གྲངས་ཁྲི་942ལྷག་ཡོད་པ་དང་།ཞིང་ཆེན་8ལ་ད་དུང་མཐོ་རྒྱུགས་ལ་ཞུགས་མཁན་སློབ་མ་ལོང་བ་ཡོད་པ་རེད།སློབ་གསོ་པུས་ས་གནས་སོ་སོས་བདེ་སྐྱོང་དང་། འགྲོ་སྐྱོད། ཟས་སྡོད། འཕྲོད་བསྟེན་སོགས་ཐད་ཀྱི་མཐོ་རྒྱུགས་ལ་ཕྱོགས་བསྡུས་ཞབས་ཞུ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་དང་།མཐོ་རྒྱུགས་ལ་ཞུགས་མཁན་སློབ་མ་ཡོངས་ལ་མཐོ་རྒྱུགས་སྔོན་གྱི་གྲ་སྒྲིག་ཡག་པོ་བྱེད་རྒྱུའི་དྲན་སྐུལ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།