འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་བོད་རིགས་ས་ཁུལ་གྱི་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་བྱ་རྒྱུ་ཡིན་པ།

    སྨན་རིན་བཅུ་ཆ་གསུམ་ཆག་རེ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་05ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་དྲ་ཚིགས་ཐོག་མཚོ་སྔོན་ཞིང་ཆེན་གྱི་མཚོ་ཤར་གྲོང་ཁྱེར་དང་། མཚོ་ནུབ་ཀྲོའུ། མཚོ་ལྷོ་ཀྲོའུ། མཚོ་བྱང་ཀྲོའུ། རྨ་ལྷོ་ཀྲོའུ། མགོ་ལོག་ཀྲོའུ། ཡུལ་ཤུལ་ཀྲོའུ་སོགས་གྲོང་ཁྱེར་66གཞུང་བཙུགས་སྨན་ཁང་སྒྱུར་བཅོས་ཀྱི་རྒྱལ་ཁབ་ཀྱི་འབྲེལ་གཏུག་ཚོད་ལྟའི་གྲོང་ཁྱེར་ཁག་གསུམ་པའི་ནང་ཚུད་པ་ཁྱབ་བསྒྲགས་བྱས་པ་རེད། ཚོད་ལྟའི་གྲོང་ཁྱེར་གྱི་མི་སེར་ངོས་ནས་བརྗོད་ན་ཐད་ཀའི་ཕན་པ་ཆེ་ཤོས་ནི་གཞུང་བཙུགས་སྨན་ཁང་དུ་ནད་ལྟ་བར་སྐྱོད་ཚེ་མི་སྒེར་གྱིས་སྤྲོད་དགོས་པའི་སྨན་རིན་དེ་30%ཡན་ཆག་རེ་ཡོད་པ་རེད།
         ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཁྱབ་བསྒྲགས་བྱས་པའི་《གྲོང་ཁྱེར་གྱི་གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་ཚོད་ལྟ་བྱེད་པའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》གཞིར་བཟུང་ཚོད་ལྟའི་གཞི་རྩའི་དམིགས་ཚད་ནི་གཞུང་བཙུགས་སྨན་ཁང་གི་ཁེ་བཟང་ཡོང་ཐབས་བྱེད་པའི་ལམ་སྲོལ་མེད་པ་བཟོས་ནས་སྲིད་གཞུང་གི་འགོ་ཁྲིད་འགན་འཁྲི་དང་། འགན་ལེན་འགན་འཁྲི། དོ་དམ་འགན་འཁྲི། ལྟ་སྐུལ་འགན་འཁྲི་བཅས་དོན་འཁྱོལ་བྱེད་པ་བརྒྱུད་སྤྱི་ཕན་རང་བཞིན་སྲུང་སྐྱོང་དང་། ཧུར་བརྩོན་རང་བཞིན་སྐུལ་སློང་། རྒྱུན་སྲིང་འཁོར་སྐྱོད་འགན་ལེན་བཅས་བྱེད་པའི་ལམ་སྲོལ་གསར་པ་དང་དེང་རབས་ཀྱི་སྨན་ཁང་དོ་དམ་ལམ་ལུགས་བཟོས་ནས་མི་དམངས་མང་ཚོགས་ལ་དངོས་ཕན་ཐོབ་པ་དང་། སྨན་དོན་མི་སྣར་སྒུལ་ཤུགས་སྦྱིན་པ། མ་དངུལ་འགན་ལེན་རྒྱུན་སྲིང་ཐུབ་པ། སྨན་ཁང་འཕེལ་རྒྱས་ལ་རྟིང་ཤུགས་ལྡན་པ་བཅས་བྱེད་པ་དང་། མིག་སྔར་གཞུང་བཙུགས་སྨན་ཁང་གི་ཐོན་ཁུངས་ཁྱབ་ཚུལ་དོ་སྙོམས་མེད་པ་དང་། རིམ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་རང་སོ་སོའི་ཆེད་ལས་ཀ་བྱེད་པ། སྨན་ཁང་ཆེ་མོར་ནད་པས་ཁེངས་པ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་ནད་པ་མེད་པ་བཅས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་ལ་ཕྱོགས་པར་སྐུལ་འདེད་གཏོང་བ། ཁྱབ་ཚུལ་ལུགས་མཐུན་དང་ལས་བགོས་ལ་གཞོགས་འདེགས་བྱེད་པའི་སྨན་བཅོས་ཞབས་ཞུའི་མ་ལག་ཅིག་བསྐྲུན་པ་བཅས་བྱས་ནས་ལུགས་དང་མཐུན་ལ་གོ་རིམ་ཡང་ལྡན་པའི་རིམ་དབྱེའི་སྨན་བཅོས་དང་སྨན་པ་བསྟེན་པའི་རྣམ་པ་ཞིག་ཆགས་པར་སྣེ་ཁྲིད་བྱེད་པ་དང་མང་ཚོགས་ལ་བདེ་འཇགས་དང་། ནུས་ལྡན། སྟབས་བདེ། གོང་ཁེ་བཅས་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་སྔར་བས་ལེགས་པ་ཐོབ་པ་བྱས་ཏེ་མང་ཚོགས་ཀྱི་ནད་ལྟ་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། 2010ལོར་རྒྱལ་ཁབ་ཀྱིས་གྲོང་ཁྱེར་17ལ་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་ཀྱི་ཚོད་ལྟ་བྱེད་འགོ་ཚུགས་པ་དང་2014ལོར་ཚོད་ལྟའི་གྲོང་ཁྱེར་34བར་མང་དུ་བཏང་བ་དང་ད་ལོ་100བར་མང་དུ་བཏང་བ་རེད། 2017ལོར་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་ཚང་མར་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་ལ་སྒོ་ཀུན་ནས་སྐུལ་འདེད་བཏང་ནས་དེང་རབས་ཀྱི་སྨན་ཁང་དོ་དམ་ལམ་ལུགས་རགས་ཙམ་བཟོ་བ་དང་། སྨན་བཅོས་ཞབས་ཞུའི་མ་ལག་གི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། སྨན་བཅོས་སྒྲིག་ལམ་ལེགས་སུ་གཏོང་བ། གྲོང་ཁྱེར་གྱི་རིམ་གསུམ་སྨན་ཁང་གི་སྒོ་བསྟེན་སྨན་ཁང་དཀྱུས་མར་སྨན་བཅོས་བྱེད་མཁན་མི་ཐེངས་ཀྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་སྤྱིའི་སྨན་བཅོས་མི་ཐེངས་ནང་བཟུང་བའི་བསྡུར་ཚད་མངོན་གསལ་དོད་པོས་ཆག་པ་བཅས་བྱ་རྒྱུ་དང་། སྨན་རིན་ལུགས་དང་མི་མཐུན་པར་འཕར་བའི་གནས་ཚུལ་ཚོད་འཛིན་ནུས་ལྡན་ཐུབ་པ་བྱས་ནས་འཕྲོད་བསྟེན་གྱི་སྤྱིའི་འགྲོ་གྲོན་འཕར་ཚད་ནི་ས་ཁུལ་དེ་གའི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་གི་འཕར་ཚད་དང་མཐུན་སྦྱོར་ཡོང་བ་བྱེད་པ། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་སྨན་རིན་གྱི་ཁུར་པོ་མངོན་གསལ་དོད་པོས་ཡང་དུ་ཕྱིན་ཏེ་སྤྱི་ཡོངས་ནས་བརྗོད་ན་མི་སྒེར་གྱི་འཕྲོད་བསྟེན་གཏོང་སྤྲོད་དེས་འཕྲོད་བསྟེན་གྱི་སྤྱིའི་འགྲོ་གྲོན་ནང་བཟུང་བའི་བསྡུར་ཚད་ཀྱི་30%མན་ཆག་པ་བཅས་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།