འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སའི་སྨན་བཅོས་དང་བླངས་པས་སི་ཁྲོན་བོད་ཁུལ་དུ་སྤྱི་ཕན་སྨན་བཅོས་བྱེད་སྒོ་
    སྤེལ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་28ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་སའི་སྨན་བཅོས་དང་བླངས་པས་སི་ཁྲོན་བོད་ཁུལ་དུ་སྤྱི་ཕན་སྨན་བཅོས་བྱེད་སྒོ་
སྤེལ་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་བཏོད”ཅེས་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་ཀྱིས་སྒྲིག་འཛུགས་བྱས་པའི་རྒྱལ་སའི་སྨན་བཅོས་དང་བླངས་པ་70ལྷག་ཙམ་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་རུ་བསྐྱོད་ནས་རྔ་པ་དང་། མཛོད་དགེ ཁྱུང་མཆུ། ཁྲོ་ཆུ་བཅས་རྫོང་བཞི་དང་དེ་བཞིན་ཁོངས་གཏོགས་ཤང་གྲོང་དང་གྲོང་ཚོའི་གཞི་རྩའི་སྨན་བཅོས་གནས་ཚུལ་དང་། དེ་བཞིན་རྒྱུན་མཐོང་དང་ཐོན་མང་བའི་ནད་ཀྱི་གནས་ཚུལ་བརྟག་ཞིབ་མཐིལ་རྟོགས་བྱས་ནས་ཟླ་7པའི་སྤྱི་ཕན་བྱེད་སྒོར་དུས་འགོའི་བརྟག་ཞིབ་བྱས་པ་རེད།
         ཟླ་7པར་རྒྱལ་སའི་སྨན་བཅོས་སྡེ་ཚན་ཆེ་ཁག་གི་རིགས་གཅིག་མཁས་ཅན་དང་བླངས་པ་400ལྷག་ཙམ་རྔ་པ་ཁུལ་དུ་བསྐྱོད་དེ་འོས་འགན་སྨན་བཅོས་དང་སྐོར་སྐྱོད་སྨན་བཅོས་དང་། གཅེས་སེམས་ཞལ་འདེབས་འབུལ་བ། སྨན་བཅོས་གསོ་སྦྱོང་། བདེ་ཐང་བཤད་ཁྲིད། ལོ་ཆུང་བྱིས་པའི་ལྷན་སྐྱེས་སྙིང་ནད་གདམ་གསེས་ཞིབ་བཤེར་དང་དེ་བཞིན་སྐྱོབ་རོགས་སོགས་ལས་དོན་སྤེལ་རྒྱུ་མ་ཟད། ས་གནས་དེ་གར་ཕུགས་ཕན་རོགས་སྐྱོར་མཉམ་སྐྲུན་ལམ་སྲོལ་ཡང་འཛུགས་རྒྱུ་ཡིན་པ་རེད།
    ༄༅།།རྒྱལ་སའི་སྨན་བཅོས་དང་བླངས་པས་སི་ཁྲོན་བོད་ཁུལ་དུ་སྤྱི་ཕན་སྨན་བཅོས་བྱེད་སྒོ་
སྤེལ་རྒྱུ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།