འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ས་ཡོམ་གེགས་ཁུལ་གྱི་བར་བརྒལ་བཀོད་སྒྲིག་ལས་དོན་གོ་རིམ་
    ལྡན་པའི་ངང་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་28ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་མདུན་ཕྱོགས་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། གེགས་ཁུལ་མང་ཚོགས་བར་བརྒལ་བཀོད་སྒྲིག་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ལ། གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་བར་བརྒལ་བཀོད་སྒྲིག་དང་། གསོ་སྦྱོང་། ལས་ཞུགས། རྒྱུ་ནོར་གནས་སྤོ་བཅས་ལ་ཕན་འབྲས་ཐོན་ཡོད་པ་རེད།
         གེགས་ཁུལ་མང་ཚོགས་ཚོས་ཐོན་སྐྱེད་རང་སྐྱོབ་ཧུར་ཐག་བྱེད་པར་ལྕག་སྐུལ་བྱ་ཆེད་གཉའ་ལམ་རྫོང་དང་བསམ་གྲུབ་རྩེ་ཆུས་ཀྱིས་མི་ཐེངས་1162ལ་ལས་རིགས་མཛུབ་ཁྲིད་བྱས་པར་མི་382བརྟན་པོའི་ངང་ལས་ཞུགས་ཐུབ་པ་རེད། སྐྱིད་གྲོང་རྫོང་གིས་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ས་ཆ་དེ་གར་གླ་པ་རྒྱུག་པར་ཁྲིད་སྟོན་བྱས་ཤིང་། མིག་སྔར་གླ་པ་82ཀྱི་མི་རེའི་ཉིན་རེའི་ཆ་སྙོམས་གླ་ཆ་སྒོར་150ཡིན་པ་རེད། དིང་རི་རྫོང་གིས་སྔོན་དཔག་བྱས་ན་ཟླ་བ་དྲུག་པའི་ཟླ་སྟོད་དུ་རོང་ཤར་ཤང་གི་གནོད་འཚེ་ཕོག་པའི་མང་ཚོགས་ཤེལ་དཀར་མདོ་རྒྱས་གྲོང་ཚོར་སྤོ་རྒྱུ་མ་ཟད། འཚོ་བའི་དངོས་རྫས་སྣ་ཚོགས་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།
         གཞན་ཡང་འགྲམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རྒྱུ་ནོར་གནས་སྤོ་བྱེད་བཞིན་ཡོད་པ་དང་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གིས་མི་56དང་རླངས་འཁོར་22ལས་གྲུབ་པའི་སྐས་རིམ་ལྟ་བུའི་རུ་ཁག་དང་པོ་དེ་མངགས་གཏོང་བྱས་ཤིང་། གནོད་འཚེ་ཕོག་པའི་མང་ཚོགས་དུད་ཚང་74ཡི་རྒྱུ་ནོར་དང་དངོས་ཟོག་ཏུན་50རླངས་འཁོར་དུ་བླུགས་ཟིན་ནས་ཚེས་24ཉིན་གྱི་ཕྱི་དྲོའི་ཆུ་ཚད་6དང་སྐར་མ་30ཡི་ཐོག་གཉའ་ལམ་རྫོང་གྲོང་ནས་གཞིས་རྩེ་བསམ་གྲུབ་རྩེ་ཆུས་སུ་དབོར་བ་རེད།
         ཚེས་23ཉིན་གྱི་ཆུ་ཚོད་14ཡི་བར་བསམ་གྲུབ་རྩེ་ཆུས་བཀོད་སྒྲིག་བྱ་ཡུལ་དུ་གནོད་འཚེ་ཕོག་པའི་མང་ཚོགས་དུད་ཚང་413གྱི་མི་1335བཀོད་སྒྲིག་བྱས་པ་(དེའི་ནང་གྲྭ་བཙུན་31དང་རྒྱལ་ཁོངས་ནེ་པ་ལའི་མི་48ཡོད་པ)དང་རྫོང་(ཆུས)ཁག་ལ་ཁྱོན་བཀོད་སྒྲིག་བྱ་ཡུལ་3019ཙམ་ཡོད་པ་དང་། མིག་སྔར་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སེམས་པ་ལྷོད་ལ་བབ་ཅིང་། སྤྱི་ཚོགས་ཀྱི་དུས་བབ་ཀྱང་བརྟན་ལྷིང་དང་གོ་རིམ་ལྡན་པ་ཞིག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།