འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱིས་2014ལོའི་ལས་གནས་མི་འདྲ་བའི་ཆ་སྙོམས་གླ་ཕོགས་
    ཆུ་ཚད་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་28ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་27ཉིན་རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱིས་ བརྟག་དཔྱད་བྱས་པའི་གྲངས་གཞི་ཁྱབ་བསྒྲགས་བྱས་པར། བརྟག་དཔྱད་བྱ་ཡུལ་སྡེ་ཚན་ཡོད་ཚད་ཀྱི་ལས་ཞུགས་མི་སྣའི་ལོ་རེའི་ཆ་སྙོམས་གླ་ཕོགས་སྒོར་49969ཡིན་ཞིང་། དེའི་ཁྲོད་འབྲིང་རིམ་དང་དེའི་ཡན་གྱི་དོ་དམ་མི་སྣའི་ཆ་སྙོམས་གླ་ཕོགས་མཐོ་ཤོས་ཡིན་ཞིང་། ལས་ཞུགས་མི་སྣ་ཡོངས་ཀྱི་ཆ་སྙོམས་གླ་ཕོགས་ཆུ་ཚད་ཀྱི་ལྡབ་2.20རེད།
         བརྟག་དཔྱད་བྱས་པའི་གྲངས་གཞིར་མངོན་པ་ལྟར་ན། འབྲིང་རིམ་དང་དེའི་ཡན་གྱི་དོ་དམ་མི་སྣའི་གླ་ཕོགས་སྒོར་109760དང་། ཆེད་ལས་ལག་རྩལ་མི་སྣའི་གླ་ཕོགས་སྒོར་66074ལས་སྒྲུབ་མི་སྣ་དང་འབྲེལ་ཡོད་མི་སྣའི་གླ་ཕོགས་སྒོར་47483ཚོང་ལས་དང་ཞབས་ཞུ་ལས་རིགས་ཀྱི་མི་སྣའི་གླ་ཕོགས་སྒོར་40669ཐོན་སྐྱེད་དང་སྐྱེལ་འདྲེན་སྒྲིག་ཆས་བཀོལ་སྤྱོད་བྱེད་མཁན་དང་དེ་བཞིན་འབྲེལ་ཡོད་མི་སྣའི་གླ་ཕོགས་སྒོར་42914བཅས་ཡིན་ཞིང་། ཚོང་ལས་དང་ཞབས་ཞུའི་ལས་རིགས་ཀྱི་མི་སྣའི་ཆ་སྙོམས་གླ་ཕོགས་དམའ་ཤོས་ཡིན་ཞིང་། ལས་ཞུགས་མི་སྣ་ཡོངས་ཀྱི་ཆ་སྙོམས་གླ་ཕོགས་ཆུ་ཚད་ཀྱི་81%ཡིན་པ་དང་། ལས་གནས་ཆ་སྙོམས་གླ་ཕོགས་མཐོ་ཤོས་དང་དམའ་ཤོས་བར་གྱི་བསྡུར་ཚད་ནི་2.70རེད
      

    ཕྱོགས་བསྡུས་གསར་འགྱུར།