འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མཁའ་འགྲུལ་ཀུང་སིས་ལྷ་ས་ནས་ཁྲང་ཧྲ་དང་ཧང་ཀྲོའུ་བར་གྱི་ཕར་འགྲོ་
    ཚུར་འོང་གི་མཁའ་ལམ་ཐེངས་དང་པོ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་28ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་མཁའ་འགྲུལ་ཀུང་སིའི་ལྷ་ས་ནས་ཁུན་མིང་བརྒྱུད་ཁྲང་ཧྲ་བར་གྱི་དུས་གཏན་གནམ་གྲུ་ཟླ་5ཚེས་25ཉིན་གྱི་ཆུ་ཚོད་9དང་སྐར་མ་35ལ་ལྷ་ས་ནས་འཕུར་འགོ་ཚུགས་པ་དང་ལྷ་ས་ནས་ནན་ཁྲུང་བརྒྱུད་ཧྲང་ཀྲོའུ་བར་གྱི་ཕར་འགྲོ་ཚུར་ལོག་དུས་གཏན་གནམ་གྲུ་ཚེས་21ཉིན་ཐེངས་དང་པོ་འཕུར་ཐུབ་པ་བྱུང་ཞིང་། བོད་ཀྱི་ཡུལ་སྐོར་སྤྲོ་འཆམ་དར་བའི་དུས་ཚིགས་ཤར་བ་དང་བསྟུན་ནས་གསར་དུ་བཏོད་པའི་མཁའ་ལམ་གྱིས་བོད་ཀྱི་ཡུལ་སྐོར་སྤྲོ་འཆམ་ཁྲོམ་ར་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་རེད།
         བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སིའི་འགན་འཁུར་བས་ངོ་སྤྲོད་བྱས་དོན། འཕུར་རེས་ཨང་གྲངས་TV9867ཡིན་པའི་ལྷ་ས་ནས་ཁུན་མིང་བརྒྱུད་ཁྲང་ཧྲ་བར་གྱི་དུས་གཏན་གནམ་གྲུ་ཉིན་རེར་ཐེངས་རེ་འཕུར་རྒྱུ་རེད། ཆུ་ཚོད་9དང་སྐར་མ་35ལ་ལྷ་སའི་གོང་དཀར་གནམ་ཐང་ནས་འཕུར་འགོ་ཚུགས་ཏེ་ཆུ་ཚོད་11དང་སྐར་མ་55ལ་ཁུན་མིང་དུ་འབྱོར་བ་དང་ཆུ་ཚོད་13ལ་ཁུན་མིང་ནས་ཁྲང་ཧྲར་ལ་འཕུར་ཏེ་ཆུ་ཚོད་15པར་འབྱོར་རྒྱུ་དང་། ཁྲང་ཧྲ་ནས་ཁུན་མིང་བརྒྱུད་ལྷ་ས་བར་གྱི་ཕར་འགྲོ་ཚུར་ལོག་གི་དུས་གཏན་གནམ་གྲུ་ཡང་ཉིན་རེར་འཕུར་ཐེངས་རེ་ཡིན་པ་དང་ཆུ་ཚོད་15དང་སྐར་མ་50ལ་ཁྲང་ཧྲ་ནས་འཕུར་རྒྱུ་དང་ཆུ་ཚོད་17དང་སྐར་མ་55ལ་ཁུན་མིང་དུ་འབྱོར་བ་དང་ཆུ་ཚོད་19དང་སྐར་མ་5ཡི་ཐོག་ཁུན་མིང་ནས་ལྷ་སར་འཕུར་ཏེ་ཆུ་ཚོད་21དང་སྐར་མ་35ལ་འབྱོར་རྒྱུ་རེད།
         གཞན་ཡང་འཕུར་རེས་ཨང་གྲངས་TV9857ཡིན་པའི་ལྷ་ས་ནས་ནན་ཁྲུང་བརྒྱུད་ཧང་ཀྲོའུ་བར་གྱི་དུས་གཏན་གནམ་གྲུ་འདི་ཟླའི་ཚེས་21ཉིན་ཐེངས་དང་པོ་འཕུར་ཐུབ་པ་བྱུང་ཞིང་། དུས་གཏན་གནམ་གྲུ་དེ་རེས་གཟའ་མིག་དམར་དང་། ཕུར་བུ། སྤེན་པ་བཅས་ལ་ཐེངས་རེ་འཕུར་རྒྱུ་རེད།
         བོད་ལྗོངས་མཁའ་འགྲུལ་ཀུང་སི་མིག་སྔར་བོད་ནང་ཁུལ་གྱི་གནམ་ཐང་ཆེ་གྲས་ལྔ་ཚང་མར་ཁྱབ་ཡོད་ཅིང་། གྲངས་གཞི་ལས་མངོན་པར། ན་ནིང་བོད་ལྗོངས་མཁའ་འགྲུལ་ཀུང་སིའི་གནམ་གྲུ་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་ཁྲོམ་རའི་ནང་འཕུར་བབས་བྱེད་ཚད་མང་ཤོས་ལ་སླེབས་པ་དེས་37.3%བཟུང་ཞིང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཨང་གཉིས་པར་སླེབས་པ་དེས་28.4%བཟུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།