འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་2015ལོའི་རྒྱལ་ཁབ་ཀྱི་གུན་གསབ་བྱེད་རྒྱུའི་
    ཚད་གཞི་ཉིན་རེར་སྒོར་219.72ཡིན་པ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་28ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་¬5ཚེས་27ཉིན་གྱི་ཕྱི་དྲོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བརྡ་ཁྱབ་བཏང་ནས་2015ལོའི་རྒྱལ་ཁབ་ཀྱི་གུན་གསབ་བྱེད་རྒྱུའི་གཏན་འབེབས་དང་འབྲེལ་བ་ཡོད་པའི་སྤྱི་དམངས་ཀྱི་མི་ལུས་ཀྱི་རང་དབང་ལ་གནོད་འཚེ་བཏང་བར་གུན་གསབ་བྱེད་རྒྱུའི་ཚད་གཞི་བཟོས་པ་ཁྱབ་བསྒྲགས་བྱས་ཤིང་། གུན་གསབ་བྱེད་རྒྱུའི་དངུལ་སྒོར་ནི་ཉིན་རེར་སྒོར་219.72རེད། 
         མཚམས་སྦྱོར་བྱས་པ་ལྟར་ན། རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱིས་2015ལོའི་ཟླ་5ཚེས་27ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པར། 2014ལོར་གྲོང་ཁྱེར་དང་གྲོང་རྡལ་སྒེར་གཉེར་མིན་པའི་སྡེ་ཚན་གྱི་ལས་ཐོག་ལས་བཟོ་པའི་ལོ་རེའི་ཆ་སྙོམས་གླ་ཕོགས་ནི་སྒོར་57346ཡིན་ཞིང་། ལོ་གོང་མ་ལས་སྒོར་4967འཕར་བ་དང་། ཉིན་རེའི་ཆ་སྙོམས་གླ་ཕོགས་ནི་སྒོར་21.72ཡིན་ཞིང་། ལོ་གོང་མ་ལས་སྒོར་19.03འཕར་བ་རེད།
         རྒྱལ་ཁབ་ཀྱི་གུན་གསབ་བཅའ་ཁྲིམས་ནང་དུ“སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་གནོད་འཚེ་བཏང་རིགས་ལ་ཉིན་རེར་གུན་གསབ་བྱེད་དངུལ་ནི་རྒྱལ་ཁབ་ཀྱི་ན་ནིང་ལོ་འཁོར་མོའི་ལས་བཟོ་པའི་ཉིན་རེའི་ཆ་སྙོམས་གླ་ཕོགས་ལྟར་བརྩི་དགོས”ཞེས་གཏན་འབེབས་བྱས་པ་རེད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རིམ་པ་ཁག་གི་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་གུན་གསབ་བྱེད་རྒྱུའི་གྱོད་གཞི་ཞིབ་གཅོད་བྱེད་སྐབས་གོང་གསལ་ཚད་གཞི་ལྟར་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།