འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་14པའི་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྱི་
    གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་18ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྐབས་14པའི་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྱི་
གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་15ཉིན་སྐབས་14པའི"མཚོ་སྔོན་གྲོང་གསེབ་ཡིད་རྟོན་བུམ་པ"ཞེས་པའི་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་པེ་ཅིང་གྲོང་ཁྱེར་དུ་འཚོགས་ཤིང་། ཚོགས་འདུ་ཐོག་འགྲན་བསྡུར་བཀོད་སྒྲིག་བྱས་ཚུལ་དང་། འགྲན་བསྡུར་གྱི་བཀྲག་ཆེ་ས། འགྲན་བསྡུར་གྲ་སྒྲིག་བྱས་ཚུལ་བཅས་ཐད་ཀྱི་ནང་དོན་ཁྱབ་བསྒྲགས་བྱས་པ་དང་། ཡིད་མཐུན་རོགས་སྐྱོར་གནང་མཁན་ཚོང་པ་དང་འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གཉིས་ཀྱིས་ཆིངས་རྒྱ་བཞག་ཅིང་། རྒྱལ་ཡོངས་ཀྱི་སྨྱན་སྦྱོར་ལས་ཁུངས་60ལྷག་ཞུགས་ཡོད།
         སྐབས་འདིའི་འགྲན་བསྡུར་ནི་2015ལོའི་ཟླ་7ཚེས་4ཉིན་ཟི་ལིང་གྲོང་ཁྱེར་དུ་འགོ་ཚུགས་མཛད་སྒོ་འཚོག་རྒྱུ་དང་། ཟླ་7ཚེས་5ཉིན་ནས་ཚེས་18ཉིན་བར་མཚོ་སྔོན་དང་། ཀན་སུའུ། ཉིང་ཞ་བཅས་ཞིང་ཆེན་ནམ་རང་སྐྱོང་ལྗོངས་གསུམ་དུ་འགྲན་བསྡུར་བྱ་རྒྱུ་ཡིན་ཞིང་། འགྲན་བསྡུར་བྱེད་རིང་ནི་ཉིན་14དང་། འགྲན་མཚམས་13 ཡོད། དེའི་ཁྲོད་ངལ་གསོ་རྒྱག་རྒྱུའི་ཉིན་1བཀོད་སྒྲིག་བྱས་ཤིང་། སྤྱིའི་ལམ་ཐག་ལ་སྤྱི་ལེ་2940དང་། འགྲན་བསྡུར་དངོས་ཀྱི་ལམ་ཐག་ལ་སྤྱི་ལེ་2021ཡོད།
    ༄༅།།སྐབས་14པའི་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྱི་
གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
    ༄༅།།སྐབས་14པའི་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྱི་
གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
    ༄༅།།སྐབས་14པའི་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྱི་
གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།